དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་ས་གྲོང་ཁྱེར་ཀླུ་སྒུག་སྡེ་ཁུལ་དུ་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“གསར་བརྗེ་ཡི་ཁྲག་རྒྱུན་རྒྱུན་འཛིན་བྱེད། དུས་རབས་ཀྱི་ལེའུ་གསར་མངོན་པར་བསྟོད། ལོ་རྒྱུས་ཤོད་པ་དང་། འགྱུར་ལྡོག་གླེང་བ། ཏང་གི་བཀའ་དྲིན་ལ་བསྟོད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གཉེར་ནས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པར་དམངས་འཚོ་ལེགས་སུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ནས་ཏང་གི་འབད་འཐབ་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཏེ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བརྩེ་སེམས་ཟབ་མོ་བཅངས་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་སྡེ་ཁུལ་བསྐྲུན་པར་བསམ་པའི་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ཁྲིད་སྟོན་བྱས་པ་རེད། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་དྲ་མིག་པ་སོགས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་10ཡིས་འགྲན་སྟེགས་ཐོག་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།

    འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཅིང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲཌ། བདམས་ཐོན་པ་ཚོས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རང་ངོས་ཀྱི་ལས་ཀ་དང་འཚོ་བའི་དོན་དངོས་ལ་གཞི་ཚུགས་ཏེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་གསར་བརྗེའི་གཏམ་རྒྱུད་བཤད་པ་དང་སྡེ་ཁུལ་གྱི་དམངས་འཚོའི་འཕོ་འགྱུར་ཞིབ་པར་བགྲངས་པ་རེད། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་ནས་འཚོ་བའི་ཁོར་ཡུག་གསར་རྐྱང་དུ་འགྱུར་བའི་བར་གྱི་དཔེ་མཚོན་མངོན་གསལ་དོད་པོ་རེ་རེ་ལས་ཏང་གི་དམངས་ཕན་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་བྱས་པའི་གཡུར་ཟའི་གྲུབ་འབྲས་མངོན་པ་མ་ཟད། བདམས་ཐོན་པ་ཚོས་འཐབ་ཕྱོགས་དང་པོར་གཞི་ཚུགས་ཏེ་གྲོང་མིར་དཀའ་གནད་སེལ་བ་དང་བྱ་བ་དངོས་སྒྲུབ་པའི་འགན་སྒྲུབ་གཏམ་རྒྱུད་དང་འབྲེལ་བ་བྱས་ནས། དུས་རབས་གསར་པའི་སྡེ་ཁུལ་ལས་དོན་པས་མང་ཚོགས་ལ་བརྩེ་བ་འཆང་བའི་འགན་སེམས་ཀྱང་ལེགས་པར་མཚོན་ཡོད།

    “ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་དེས་ཚང་མར་དྲིན་ཚོར་གྱི་བརྩེ་སེམས་མཚོན་པ་དང་གཞི་རིམ་གྱི་ཉམས་འགྱུར་མངོན་པའི་ལས་སྟེགས་ཤིག་བསྐྲུན་པ་མ་ཟད། ཏང་ཡོན་ལས་བྱེད་པས་ཉེ་འགྲམ་གྱི་དམངས་འཚོའི་འགྱུར་ལྡོག་ཁྲོད་ནས་ཏང་གི་བཀའ་དྲིན་ལེགས་པར་ཚོར་ཏེ‘ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ’བཅས་ཀྱི་མཉམ་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཡོད”ཅེས་ཀླུ་སྒུག་སྡེ་ཁུལ་གྱི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།