ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས་ནན་བཤད་འདི་ལྟར་གནང་འདུག
ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུཌ་དེང་རབས་ཅན་གྱི་བོད་གསར་འཛུཌ་སྐྲུན་ཆེད་ལེཌ་སྐྱེས་དེ་བས་ཆེ་བ་འབུལ་དགོས།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་ལྟེ་བའི་དཔེ་གྲོང་དུ“དཔེ་ཀློག+”ཞབས་ཞུ་དང་བྲིན་ཚོང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ། མི་སེམས་གཅིག་སྒྲིལ་རྒྱ་ཁྱབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དྲ་རྒྱའི་བདེ་འཇགས་ཀྱི་འཕྲལ་སྡོམ་བཀོད་འདོམས་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། ཁོང་གིས་དུས་བབ་ལ་སྔར་བས་སྟངས་འཛིན་ཡང་དག་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ་དང་འཐབ་རྩོད་བྱེད་ཕོད་པ་བྱས་ནས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ལྷ་སའི་ལྟེ་བའི་དཔེ་གྲོང་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་གྲོང་ཐོག་མ་དེ་ཡིན་པ་དང་། དཔེ་དེབ་བྲིན་ཚོང་དང་། རིག་གནས་བསམ་བཀོད་འགྲེམས་སྟོན། སྒྱུ་རྩལ་སྤེལ་རེས། མང་ཚོགས་སོས་དལ་ངང་ངལ་གསོ་ས་བཅས་གཞི་གཅིག་ཏུ་འདུས་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས“དཔེ་ཀློག+”ཡི་ཞབས་ཞུ་དང་བྲིན་ཚོང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། མི་དམངས་མང་ཚོགས་ལ་སྣ་མང་ཅན་དང་། གནད་སྨིན་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་སྤྱི་པའི་རིག་གནས་ཀྱི་ཞབས་འདེགས་ཞུས་ནས་སྤྱི་ཚོགས་ཡོངས་སུ་དཔེ་དེབ་བཀླག་རྒྱུར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས་ཞེས་གསུངས་པ་རེད། ཝང་ཅུན་ཀྲེང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཕེབས་ནས་ཚགས་པར་ལས་ཁུངས་ཀྱི་ལོ་རྒྱུས་འགྲེམས་སྟོན་ལ་ནན་ཏན་ངང་གཟིགས་ཤིང་། རྩ་ཆེའི་པར་རིས་རེ་རེ་དང་བཅར་འདྲི་རྩོམ་སྒྲིག་དང་འབྲེལ་བའི་དངོས་རྫས་རེ་རེ་ལས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་བརྒྱུད་མྱོང་བའི་དཀའ་ཚེགས་ལམ་བུ་གསོན་ཉམས་དོད་པོས་མངོན་ཡོད། ཝང་ཅུན་ཀྲེང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ནི་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པའི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་ཞིག་རེད། ལྟེ་བའི་སྤྱི་ཡོངས་ལ་མུ་མཐུད་དམིགས་པ་དང་། མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། ཁྱབ་སྤེལ་གྱི་ཐབས་ལམ་གསར་གཏོད་བྱེད་པ། སྨྱན་སྦྱོར་གསར་པའི་འཐབ་ས་རྒྱ་ཆེར་གཏོང་བ། བརྩམས་ཆོས་རྩེ་གྲ་དེ་བས་མང་བ་འདོན་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཝང་ཅུན་ཀྲེང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ལས་དོན་གྱི་སྙན་སེང་གསན་ཞིང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། ད་ཆའི་བོད་དུ་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་འགྲོ་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་དེ་བས་ལེགས་སུ་འགྲོ་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལྡན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་འགྲོ་བ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་བཞིན་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ནི་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། ང་ཚོས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིཌ་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ཧུར་ཐག་བྱས་ཚེ། བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་པ་ར་སྤྲོད་གང་ལེཌ་ཐུབ་ཡོད། ཐོབ་པའི་གྲུབ་འབྲས་ལ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་བཏོན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དར་ཆ་གསལ་སྟོན་གྱིས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་པོར་དམིགས་ནས་དྲིལ་བསྒྲགས་འཕྲིན་སྤེལ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྣམ་པ་བཟང་པོ་གཏོད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དྲིལ་བསྒྲགས་ཡག་པོ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་གསོན་ཉམས་དོད་པོས་ལག་ལེན་བསྟར་ལུགས་དྲིལ་བསྒྲགས་ཡག་པོ་བྱེད་པ། སྣེ་གཉིས་བཟུང་ནས་བར་མ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བཅས་བྱས་ཏེ། རི་ཀླུང་གང་ས་དང་དུད་ཚང་ཁྲི་སྟོང་མང་པོར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱབ་པར་བྱེད་དགོས། བསམ་བློའི་སྣེ་ཁྲིད་ལ་སྣང་ཆེན་གྱིས་ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་གཙོ་རྒྱུན་སྨྱན་སྦྱོར་གྱི་ནུས་པ་འདོན་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་དང་དེང་རབས་ཀྱི་ནུས་རྩལ་སྤྱད་དེ་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་པ། རང་རྟོན་རང་དར་དང་མཐུན་སྒྲིལ་འབད་འབུངས་ཀྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ“ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”དེ་བས་ཀྱང་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བཟང་བསྟོད་ངན་སྨད་དང་། གཞི་སྒྱུར་རྩ་སྒྱུར། སྲོལ་བཟང་དར་སྤེལ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། མི་འབོར་གྱི་བྱང་ཚད་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ནས་མི་འབོར་གྱི་འདེགས་སྐྱོར་དང་། བློ་ཕྱོགས་གཏད་མིན། ཤེས་ལྡན་པའི་འཐབ་ཇུས་བཅས་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་ཧུར་ཐག་བསྐྲུན་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པར་བདེ་འཇགས་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲིམས་སྲོལ་སྒྲིག་སྲོལ་ལྟར་དྲ་རྒྱའི་བར་མཐོངས་གཙང་མ་སྲུང་སྐྱོང་བྱེད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས་ཤིང་། བོད་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པས། རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་དང་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་ཕན་ནུས་ཆེར་གཏོང་དང་། མཐུན་སྦྱོར་ཟབ་གཏོང་། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པར་བརྟེན་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་དང་གཞི་རྟེན་རྒྱ་སྐྱེད་གཏོང་བ། དར་རྒྱས་གོང་འཕེལ་འགྲོ་བའི་བོད་ཀྱི་རྣམ་པ་གསར་པ་གང་ལེགས་མངོན་པ་བཅས་བྱས་ཏེ། འཛམ་གླིང་གིས་བོད་ལ་སྔར་བས་རྒྱུས་མངའ་ཡག་པོ་ལོན་པ་དང་བོད་ལྗོངས་སྔར་བས་འཛམ་གླིང་དུ་མགྱོགས་པོ་ཕྱོགས་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བཅས་བྱེད་པའི་རྩ་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་བྱང་ཚད་མཐོ་བའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱེད་པ། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བཅས་བྱས་ནས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། དོན་སྟོང་དངོས་སྒྲུབ་མཐའ་འཁྱོངས། འདུ་ཤེས་དང་། བྱེད་ཐབས། བྱེད་སྟངས། གཞི་རྟེན་བཅས་གསར་གཏོད། གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་བས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།
འབྲེལ་ཡོད་གསར་འགྱུར།