དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-09

    ཟླ་5ཚེས་7ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་སྲུང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལ་རྒྱུན་མཐུད་ནས་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    གདོང་དཀར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭར་བརྟག་ཞིབ་ཚོགས་ཆུང་གིས། བཙོག་ཆུ་གཙང་གསིང་གི་བརྒྱུད་རིམ་དང་ཚད་གཞིར་ནན་པོ་གཞིགས་ཏེ་བཙོག་ཆུ་གཙང་གསིང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། དྲ་ཐོག་གི་ལྟ་སྐུལ་ཚོད་འཛིན་གྲངས་གཞིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞིབ་ཕྲ་ཅན་གྱི་སྤྱོད་སྐྱོང་དང་། ཚད་ལྡན་ཅན་གྱི་དོ་དམ། རྒྱུན་རྣམ་ཅན་གྱི་ལྟ་འདོམས་བཅས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། སློབ་གསོ་གྲོང་འཆར་འགོད་ལམ་བཞིའི་གྲོང་ཁྱེར་སྔོ་འགྱུར་རྣམ་གྲངས་ས་ཚིགས་སུ་བརྟག་ཞིབ་ཚོགས་ཆུང་གིས། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་འགྱུར་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། གནད་སྨིན་དང་། ཞིབ་ཚགས། སྤུས་ལེགས་བཅས་ཀྱི་སྒོ་ནས་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྐྱེ་ཁམས་ཀྱི་ཐོག་མའི་རྣམ་པ་ཁྱོན་ཡོངས་ནས་མངོན་པ་བཅས་བྱས་ནས། མང་ཚོགས་ལ་ལྗང་མདོག་སྐྱེ་ཁམས་ཀྱི་བདེ་རྩ་མཉམ་དུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། རྔ་ཆེན་གྱི་འཐུང་ཆུ་འདོན་ཁང་དུ་བརྟག་ཞིབ་ཚོགས་ཆུང་གིས། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་བཅས་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ་དང་། ཆུའི་སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།