ཞུས་ཀྲི་ཝུན་གྱིས་2026ལོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་5ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་2026ལོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་འཚོགས་ནས་པུའུ་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིའི་ལས་དོན་སྙན་སེང་ཉན་པ་དང་ལོ་འཁོར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་གསུངས་དོན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་དང་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། འགན་འཁྲི་དང་འགན་ནུས་ལ་གཞི་ཚུགས་པ། རྒྱུད་རིམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་2026ལོའི་གཙོ་གནད་ལས་འགན་དོན་འཁྱོལ་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པར་ཆབ་སྲིད་ཐད་ནས་ལྟ་དགོས་པ་སྟེ། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བདེ་འཇགས་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས། རིག་གནས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་ཏན་ཏིག་བྱས་ནས་རང་རྟོགས་ངང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དེ་འཁུར་དགོས། སྤྱི་ཡོངས་ནས་དོན་གཉེར་བྱེད་དགོས་པ་སྟེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”འཐབ་ཇུས་ལས་འགན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཤུགས་རྒྱག་ས་དང་ཚད་བརྒལ་བྱེད་ས་བཙལ་འཚོལ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། དོན་དངོས་དང་བསྟུན་ནས་སྒྲུབ་དགོས་པ་སྟེ། མངོན་མེད་དང་མངོན་གསལ་དོད་པའི་གྲུབ་འབྲས་དང་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་གཙིགས་ཆེན་བྱེད་པ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་བཟོ་བ། ལས་ཀའི་གྲུབ་འབྲས་ལ་ཚོད་སྐོར་གདེང་འཇོག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་ཟབ་ཏུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།