ཧྲེན་ཀྲེན་དང་ཉིང་ཁྲིའི་གསར་དར་ཐོན་ལས་ཀྱི་མཉམ་ལས་འབྲེལ་སྦྱོར་ཚོགས་འདུ་འཚོགས་པ།
ཉེ་ཆར། “ཧྲེན་ཀྲེན་དང་ཉིང་ཁྲིས་ལག་གདང་སྦྲེལ་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཧྲེན་ཀྲེན་དང་ཉིང་ཁྲིའི་གསར་དར་ཐོན་ལས་ཀྱི་མཉམ་ལས་འབྲེལ་སྦྱོར་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་སྤྱི་འདོམས་འོག ཧྲེན་ཀྲེན་གྱིས་སྣེ་འདྲེན་ཁེ་ལས་20ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉིང་ཁྲིར་ཐོན་ལས་སྦྲེལ་མཐུད་བྱས་པ་ཞིག་རེད། ས་གནས་གཉིས་པོའི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་མཉམ་འཛོམས་ཀྱིས་མཉམ་དུ་འཕེལ་རྒྱས་དོན་གཉེར་དང་ཧྲེན་ཀྲེན་ཚན་རྩལ་གསར་གཏོད་ཐོན་ལས་ཀྱི་ལེགས་ཆ་དང་ཉིང་ཁྲིའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་དང་ཕྱོགས་གཉིས་པོས་ཕན་ཚུན་མཐུན་རྐྱེན་སྦྱོར་རེས་གཏིང་ཟབ་བྱ་རྒྱུ་རེད།
ཚོགས་ཞུགས་སྐུ་མགྲོན་གྱི་ཐུན་མོང་གི་བདེན་དཔང་འོག་ས་གནས་གཉིས་པོའི་ཁེ་ལས་ཀྱིས་འཐབ་ཇུས་མཉམ་ལས་དང་མ་འཇོག་གི་འདོད་མཐུན་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། ཁྱོན་ཁེ་ལས་5ལ་མཉམ་ལས་བྱ་རྒྱུའི་འདོད་མཐུན་བྱུང་ཞིང་། རྣམ་གྲངས་དེ་དམའ་དབྱིངས་དཔལ་འབྱོར་དང་། རིག་ལྡན་ཞིང་ལས། ནུས་རྒྱུ་གསར་པ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་ལ་ཁྱབ་པ་མ་ཟད། ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་དང་ཐོན་ལས་དོན་ཐོག་ཏུ་འཁྱོལ་རྒྱུར་རིན་ཐང་ཉིས་བརྩེགས་ལྡན་པས། ཉིང་ཁྲིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། དམངས་འཚོ་འགན་ལེན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།