ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱེད་པ། ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་ལས་ཁུངས་སྒྲིག་གཞི་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་པ། གསར་གཏོད་དང་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ཡོད་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ། ཚད་ཡོད་ཀྱི་ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བའི་འགག་རྩའི་ལྷུ་ཚིགས་ཐོག་སྤྱོད་པ་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རང་རྟོགས་ངང་སྒྲིག་གཞིའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་ཏུ་གཏོང་བ། ལས་དོན་སྤེལ་སྟངས་ལ་སྣང་ཆེན་བྱེད་པ། ལས་ཁུངས་འགན་ནུས་ཀྱི་མ་ལག་འཐུས་ཚང་དང་གདིང་རྩའི་སྒྲིག་སྲོལ་ལམ་སྲོལ་གྱི་བཀག་རྒྱ་སེལ་བའི་བྱེད་ཐབས་འདོན་པ། སྡེ་ཚན་དང་། ས་ཁུལ། ལས་རིགས་བཅས་དབར་གྱི་གཅིག་གྱུར་སྒྲིག་བཟོ་དང་སྤྱི་འདོམས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་སྒྲིག་ཁོངས་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བཀོད་སྒྲིག་བཅས་བྱས་ནས། དེ་བས་ནུས་ཆེའི་རྩ་འཛུགས་ཀྱི་མ་ལག་དང་འཁོར་སྐྱོད་ཀྱི་དོ་དམ་མ་ལག་འཛུགས་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ། ཤང་དང་གྲོང་རྡལ་ཁྲོམ་གཞུང་གི་འགན་སྒྲུབ་དོན་ཚན་གསལ་ཐོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལ་རྒྱུན་མཐུད་མཐུན་རྐྱེན་སྦྱོར་བ་བཅས་བྱས་ནས། གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ཁྲོད་བསྐྱོད་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་སེམས་ནུས་སྔར་བས་མང་བ་ཡོད་པ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་རང་རྟོགས་ངང་ཟབ་ཏུ་བཏང་ནས། ལས་ཁུངས་སྒྲིག་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱི“གཏན་འཁེལ་གསུམ”གྱི་གཏན་འབེབས་དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགན་དབང་གསལ་ཐོ་དང་། དཔྱད་དཔོག་ཕན་འདེད། ལྟ་སྐུལ་ཞིབ་བཤེར་སོགས་ལ་དམ་འཛིན་ཡག་པོ་བྱེད་པ། ལས་ཁུངས་སྒྲིག་གཞིའི་ལས་དོན་ཁག་ཁྲིམས་སྐྱོང་སྒྲོམ་གཞིའི་ཁྲོད་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་ཚན་རིག་ཅན་དང་། གནད་སྨིན་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ལྷོད་མེད་རྒྱག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། སྤྱོད་བཟང་སྒྲིག་ནན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་པ་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།