དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་བྱས་ནས་དངོས་སྒྲུབ་དོན་འཁྱོལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཉིན་ཤས་བསྟུད་མར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། དམངས་འཚོར་ཞབས་འདེགས་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་ཏན་ཏིག་བསྒྱུར་ཡོད།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཐད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཤུགས་འདོན་བྱས་ཤིང་། “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། སྲིད་དོན་ལས་རྗེས་ཇི་ལྟར་འཇོག་པ”བཅས་ཀྱི་གཙོ་རྐང་ལ་དམིགས་ནས། སྨན་གླིང་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་ནས་མིག་དཔེ་བསྟན་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ཧུར་ཐག་གཉེར་ནས། “སློབ་སྦྱོང་ལ་སྣེ་ཁྲིད་དང་མཛུབ་ཁྲིད་བྱེད་པ་དང་། མི་སྒེར་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པ། གཅིག་སྡུད་ཐོག་ཞིབ་འཇུག་སློབ་སྦྱོང་བྱེད་པ། སྤེལ་རེས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ། 《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་རིམ་པ་ཁག་གི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་དང་འབྲེལ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། “ཁྲིམས་འགལ་གཉིས”བཅོས་སྒྲིག གཞི་རིམ་བཅོས་སྐྱོང་། ནགས་ཚལ་མེ་ཟོན། ཚོང་གཉེར་ཁོར་ཡུག་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ་དང་ཟུང་འབྲེལ་གྱིས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་པ་མ་ཟད། ཟབ་སྦྱོང་མཐིལ་རྟོགས་ཁྲོད་ངོས་འཛིན་གླེང་བ་དང་། ཚད་གཞི་དང་ཡང་ཡང་བསྡུར་བའི་ཁྲོད་ཧེ་བག་འཚོལ་བ། ཤེས་སྦྱོར་གཅིག་མཐུན་ཁྲོད་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད། དེ་དང་ཆབས་ཅིག རིམ་ཁག་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པར་བརྟེན་ནས། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་ལས་བྱེད་པར“མངོན་གསལ་དོད་པའི་གྲུབ་འབྲས་ལ་མཐོང་ཆེན་དང་མངོན་མེད་ཀྱི་གྲུབ་འབྲས་ལ་སྣང་ཆུང་བྱེད་པའི”ཁེ་ཕན་གྱི་སེམས་ཁམས་དོར་བར་མུ་མཐུད་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སེམས་གཏིང་ནས་སྲིད་དོན་ལས་རྗེས་ལྟ་བའི“གཅུས་སྒོ་ཨ་མ”དམ་དུ་བཏང་ཡོད།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་མཐའ་འཁྱོངས་ཀྱིས“མི་སྤྱིའི་སློབ་ཁང་ཆེན་པོ”དུས་ཐེངས་60པ་གཉེར་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་དོན་སྙིང་གལ་ཆེན་དང་། གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་། ནོར་འཁྲུལ་གྱི་སྲིད་དོན་ལས་རྗེས་ལྟ་བའི་འབྱུང་རྩར་དབྱེ་ཞིབ་བྱས་ཏེ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གཙོ་གནད་ལ་དམིགས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མི་སྤྱིའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཕྱི་དོན་གཞུང་དོན་ཁང་གིས་ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས་གཉེར་བ་དང་ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིས་ལས་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གི་མྱོང་ཚོར་དང་ལས་ཀའི་བྱ་ཐབས་སྤེལ་རེས་བྱས་ནས། ལས་ཀའི་ཁ་ཕྱོགས་སྔར་བས་ཁ་གསལ་བཟོས་ཏེ་བོད་ཀྱི་ཕྱི་དོན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་རེད།

    རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་ནུས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ཞིབ་ཕྲའི་ལས་དོན་ནང་མཉམ་འདྲེས་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱིས“སྦྱོང་བཤེར་བཅོས་གསུམ”གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ཐག་རིང་ལུང་ཁུག་ས་ཁུལ་གྱི་གློག་སྤྱོད་དམངས་འཚོའི་དོན་དངོས་ལ་དམིགས་ཏེ་འོད་ཤུགས་བྱེ་བཅོས་སོགས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་། མིག་སྔར་འོད་ཤུགས་བྱེ་བཅོས་རྣམ་གྲངས་དོན་འཁྱོལ་བྱུང་ནས་དྲ་སྦྲེལ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.7བཏང་བ་དང་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་30154ཟིན་ནས། ས་ཁུལ་འཕེལ་རྒྱས་ལ་ནུས་རྒྱུའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་བ་ཚྭ་ཤང་གིས་མཐོ་གྲང་འབྲོག་ཁུལ་གྱི་མང་ཚོགས་སྡོད་ས་ཁ་ཐོར་དང་ལས་སྒྲུབ་མ་གནས་མཐོ་བའི་ཁྱད་ཆོས་ལ་དམིགས་ཏེ“ས་གནས་ས་ཐོག་ཏུ་སྒྲུབ་གཉེར་དང་། ཁ་ཆད་སྒྲུབ་གཉེར། སྒོ་རྩར་སྒྲུབ་གཉེར། ཚབ་སྒྲུབ་བྱེད་པ”བཅས་ཀྱི་ཞབས་ཞུ་ཁག་བཞི་གསར་དུ་བཏོད་དེ་ཁྱབ་གདལ་བཏང་ནས། འབྲེལ་ཡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག ཞབས་ཞུའི་རྣམ་པ་དེ“གཞན་སྐུལ་གྱིས་སྒོ་རྩར་སྐྱོད་པ”ནས“རང་འགུལ་གྱིས་དགོས་མཁོ་འདྲི་བའི”ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་སྟེ། རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཁས་ལེན་དཔང་འདོན་དང་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བ་སོགས་ཀྱི་དོན་ཚན་ཁག་280ལེགས་སྒྲུབ་བྱས་པ་རེད།

    མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་བསྟར་ནས་ཡིད་རྟོན་ཉམས་ཞིབ་ཀྱི་ཐེར་འདོན་བཅོས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཐབས་ལམ་མང་པོར་བརྟེན་ནས་སྒྲིག་སྲོལ་ལྟར་ཡིད་རྟོན་སླར་གསོའི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ས་དང་པོའི་མི་སྣའི་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་རྟོན་ཉམས་ཞིབ་ཀྱི་བློ་འདྲིའི་ལན་འདེབས་དང་འགལ་ཟླ་སེལ་བའི་ཆེད་ལས་ནུས་པ་ཆེ་རུ་བཏང་སྟེ། སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ཡིད་རྟོན་ཉམས་ཞིབ་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་འབྱུང་རྩ་ནས་སྔོན་འགོག་བྱས་པ་རེད། 2026ལོའི་ཟླ་4པའི་བར། ཁོངས་གཏོགས་ཁུལ་གྱི་ཡིད་རྟོན་ཉམས་ཞིབ་ཀྱི་གནད་དོན་ཐེར་འདོན་བྱེད་ཚད་དུས་མཚུངས་ལས་80%ཆག་ནས་མང་ཚོགས་ཀྱི་ཡིད་རྟོན་ཉམས་ཞིབ་ཀྱི་ཁྲིམས་མཐུན་ཁེ་དབང་ཏན་ཏིག་བསྲུངས་ཡོད།

    གོམ་སྟབས་རྗེས་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ཟབ་ཏུ་བཏང་ནས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་། དངོས་སྒྲུབ་འགན་འཁུར་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཧུར་ཐག་འཛུགས་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།