བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀོང་ཤིས་སློབ་ཆེན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ཀོང་ཤིས་ཀྱི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་མིག་དཔེར་འཛིན་པ་བཅས་བྱ་ཆེད། ཟླ་4ཚེས་17ནས་ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀོང་ཤིས་སློབ་ཆེན་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་70དང་ལས་ཁུངས་ཀྱི་ལས་བྱེད་པ་ཀོང་ཤིས་ནན་ཉིང་དུ་འཛོམས་ཏེ། ཆེད་དོན་སློབ་སྦྱོང་གསོ་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་པ་རེད།
གསོ་སྦྱོང་བྱེད་རིང་ཨུ་ཡོན་ཚོས་བོད་ཀྱི་མི་རིགས་ལས་དོན་གྱི་དོན་དངོས་དང་། རང་ཉིད་ཀྱི་འགན་སྒྲུབ་ཉམས་མྱོང་། གསོ་སྦྱོང་གི་གྲུབ་འབྲས་དང་བསམ་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་བགྲོ་གླེང་དང་སྤེལ་རེས་བྱས་པ་རེད། ཚང་མས་ཐེངས་འདིའི་གསོ་སྦྱོང་གི་བརྗོད་དོན་ཁ་གསལ་ལ་ནང་དོན་ཕུན་སུམ་ཚོགས་པས་གཅིག་ནས་རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་ཟབ་ཏུ་སོང་བ་དང་། གཉིས་ནས་ལག་ལེན་གྱི་ཉམས་མྱོང་གསོག་ཐུབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་ཁྲོད་ཀྱི་སྲིད་གྲོས་ཨུ་ཡོན་ཚོའི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་དུ་ཕྱིན་སོང་། དེ་དང་ཆབས་ཅིག ཀོང་ཤིས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་རིང་གི་བྱེད་སྟངས་ཡག་པོ་དང་ཉམས་མྱོང་བཟང་པོར་སློབ་སྦྱོར་ཧུར་ཐག་ཞུས་ཏེ། སྲིད་གྲོས་ཨུ་ཡོན་གྱི་ནུས་པ་གང་ལེགས་འདོན་པ་དང་། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱེད་པ། བོད་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།