དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    ཚེས་28ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དེང་དུས་ཀྱི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱེད་པ། ཅི་ཞིག་བྱེད་པ་དེ་སྦྱོང་བ་དང་ཅི་ཞིག་མི་འདང་ན་དེ་གསབ་པ་མཐའ་འཁྱོངས་བྱེད་པ། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དེའི་ནང་མངོན་པ། ལས་དོན་དེའི་ནང་དངོས་སུ་སྤེལ་བ་བཅས་དངོས་འབྲེལ་ཐུབ་པ་བྱེད་པ། སློབ་སྦྱོང་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། སེམས་ལ་ཟུག་པ་བཅས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཐུབ་པ་བཅས་བྱེད་དགོས།རྒྱུན་མཐུད་སྒྱུར་བཅོས་ཟབ་ཏུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱང་ཆུབ་པའི་བྱེད་ཐབས་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་སྤྱོད་གོ་ཆོད་པའི་བྱེད་ཐབས་དང་གོ་ཆོད་ལམ་སྲོལ་གསེད་བཀྲོལ་དང་བསྡུ་ལེན་ཡག་པོ་བྱེད་པ། དུས་རབས་གསར་པའི་བླང་བྱ་དང་འཚམ་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྱད་ཆོས་མངོན་པ། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ་བཅས་ཀྱི་ལམ་ལུགས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བྱེད་ཐབས་ཁག་གཞི་རིམ་གྱི་དོན་དངོས་དང་མཐུན་པ་དང་། འཐུས་མིའི་འབོད་སྒྲ་དང་མཐུན་པ། དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྟོན་དང་བདེན་ཡོད་སྤོབས་ཆེའི་ངང་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་དང་དམངས་གཙོའི་ཁྲིམས་སྐྱོང་གི་གཏམ་རྒྱུད་ཡག་པོ་ཤོད་པ། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་དང་ཁྲིམས་སྐྱོང་གི་ནུས་པར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སུ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་གཅིག་ཏུ་སྒྲིལ་དགོས། “ཞིང་གསུམ”ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་རྒྱུན་མཐུད་ཞུས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་དང་། མུ་མཐུད་འཐབ་ས་དང་པོར་བསྐྱོད་དེ་དོན་དངོས་རྟོག་ཞིབ་དང་བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་པ་བཅས་བྱེད་པ་དང་ཆབས་ཅིག གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ལྟ་ཞིབ་བྱ་ཡུལ་ལ་བརྟེན་ནས་ལྟ་སྐུལ་ལས་དོན་རྒྱུན་ཆད་མེད་པར་གསར་གཏོད་དང་ལྟ་སྐུལ་གྱི་ཕན་འབྲས་དངོས་ལ་ཤུགས་སྣོན་རྒྱག་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཞིབ་བཤེར་གཏིང་ཟབ་དང་ལྟ་སྐུལ་ནན་པོ་བྱེད་པར་ཤུགས་བརྒྱབ་སྟེ་དཔེ་མཚོན་དམ་འཛིན་དང་། ལག་བསྟར་བྱེད་མུས་ལ་དམ་འཛིན། བརྡ་ཁྱབ་གཏོང་རྒྱུར་དམ་འཛིན་བཅས་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཞན་ཆ་དང་སྐྱོན་ཆ་དམར་འདོན་བྱེད་པའི་ཐད་འཛེམ་བག་མི་བྱེད་པ་དང་། “གུང་ཁྲན་ཏང་ཡོན་གྱིས་ནན་ཏན་ལ་གཙིགས་ཆེན་བྱེད་པའི”རྣམ་འགྱུར་དང་རང་ངོས་ཀྱི་གནད་དོན་ལ་ལྟ་སྟངས་ནན་པོ་བཟུང་ནས་མི་དོན་སེམས་གསུམ་མངོན་པ་དང་། དོན་གཉེར་བྱ་སྤྱོད་དང་ཕན་འབྲས་མངོན་པ་བཅས་བྱེད་དགོས། “རྩ་ལག་མཉམ་བཅོས”ཐད་ཕན་འབྲས་དངོས་ཐོན་པར་བྱས་ནས“མིག་སྔར་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གནད་དོན་ཁྲོད་ལམ་ལུགས་ཀྱི་ཞན་ཆ་དང་མི་འདང་ས་ཤེས་རྟོགས་ཐུབ་པ་དང་། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ། གནད་དོན་གཅིག་བཅོས་སྒྲིག་བྱེད་པ་དང་། ཁྱབ་ཁོངས་གཅིག་ཚད་ལྡན་གཏོང་བ། ལེ་ལག་ཚང་བའི་ལམ་ལུགས་གཅིག་འཐུས་སྒོ་ཚང་དུ་གཏོང་བ་བཅས་མངོན་འགྱུར་ཐུབ་ཐོག དག་ཐེར་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།