རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁ་གཏད་བོད་སྐྱོར་གྱི་གྲུབ་འབྲས་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ལས་དོན་ཚང་མ་ཡག་པོ་སྒྲུབ་དགོས། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། རང་ངོས་ཀྱི་ལེགས་ཆ་འདོན་པ། ལས་ཀའི་གྲུབ་འབྲས་བརྟན་ཏུ་གཏོང་བ། བོད་སྐྱོར་གྱི་དོན་སྙིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས་གསར་བརྗེའི་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་སྟེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པ་དང་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཁྲིད་སྟོན་དུ་བྱས་ནས་བོད་སྐྱོར་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བར་བྱེད་པའི་རྣམ་གྲངས་ལག་བསྟར་ལ་མཐོང་ཆེན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གོམས་སྲོལ་སྒྱུར་བ་བཅས་བྱས་ཏེ། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་དགོས། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་གྱི་གྲུབ་འབྲས་བརྟན་དུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་ཐུགས་ཁུར་ཟབ་མོ་གཅིག་གྱུར་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་བྱེད་པའི་དོ་དམ་ཞབས་ཞུར་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རང་འགུལ་ངང་འགན་འཁྲི་ལྕི་པོ་འཁུར་བར་སྐུལ་འདེད་གཏོང་བ། ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པའི་རྒྱང་ལམ་ཁྲོད་བོད་སྐྱོར་གྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།