དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-27

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གནང་བ་མ་ཟད། གནད་དོན་དག་ཐེར་དང་། ཉེན་ཁ་འགོག་ཟོན། མངོན་མེད་རྐྱེན་ངན་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་དོན་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་བྱེད་པ་ནི་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཞིབ་བཤེར་གཏིང་ཟབ་དང་གནད་སྨིན་བརྟག་དཔྱད་བྱས་པ་ཞིག་ཡིན་པས། སྐོར་བཤེར་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་དེ་ཉིད་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གནད་སྨིན་མཐའ་དཔྱོད་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཐོན་མ་ཐག་བསལ་ཏེ། ལས་འཛོལ་མ་ཐོན་གོང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། རྩ་ལག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། མིག་སྔའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པར་དམ་འཛིན་བྱེད་དགོས་ལ། འབྱུང་རྩ་ནས་ཉེན་ཁ་འགོག་དགོས། འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས་ལས་སྒོའི་སློབ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་རྟོགས་སེམས་དང་འཇོན་ཐང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། འཕྲལ་སྡོམ་དོ་དམ་ལས་དོན་ཡག་པོ་སྒྲུབ་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།