དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་གནང་སའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི“ཁ་ལོ་སྒྱུར་ཆས”བརྟན་པོར་སྲུང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློའི་རྩ་བ་དམ་པོར་འཛིན་པ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལས་དོན་ལ་དམ་འཛིན་དང་དམ་འཛིན་ཏན་ཏིག་དང་གནད་ལ་འཁེལ་བར་བྱེད་པ། མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”དང“སྨན་སྤྱོད་ཀྱི་བདེ་འཇགས”སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་བཅངས་ནས་གཙོ་གནད་ལས་འགན་མངོན་གསལ་དོད་པ་དང་།

    (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དམངས་འཚོ་འགན་སྲུང་གི“བདེ་འཇགས་དྲ་བ”ཚགས་དམ་དུ་གཏོང་བ། འཁོར་འབྲེལ་ཧྲིལ་པོར་དམ་པོར་དམིགས་པ། མཉམ་སྒྲུབ་ནུས་ཆེའི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་བ་དང་། བྱ་ཐབས་མཐར་ཕྱིན་པ་ལག་ལེན་བསྟར་བ། བཅོས་སྒྲིག་མཐར་ཕྱིན་པ་ཐུབ་པ་བཅས་བྱེད་དགོས་པ་དང་། རིག་ནུས་ཅན་ལ་བརྟེན་ནས་མཐིལ་རྟོགས་ལྟ་འདོམས་དང་ས་ཡུལ་དངོས་མིན་པའི་ལྟ་འདོམས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་གནད་སྨིན་ལྟ་འདོམས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། མང་ཚོགས་ཀྱི་སེམས་ཁྲལ་སེལ་བར་དམ་པོར་དམིགས་ནས་གཙོ་གནད་ཚོགས་སྤྱི་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ཁུལ་བཅས་ལ་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཞབས་འདེགས་ལེགས་པར་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ལྟ་འདོམས་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་དང་། ཚད་ལྡན་དང་འཕེལ་རྒྱས་གཉིས་སྤེལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་བྱས་ཏེ་ཆུ་མ་ཤོར་གོང་ནས་རགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཧྲིལ་པོའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་གཙང་སྒྲུབ་ཀྱི“གྲུ་རྡོ”ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། དམངས་ལ་བདེ་རྩ་སྐྲུན་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ཏེ་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཞིབ་དཔྱད་དང་ཚད་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ། དམ་འཛིན་དང་དོ་དམ་བྱེད་མཁས་པ་བཅས་ཀྱི་ཆེད་ལས་ལྟ་འདོམས་པའི་དཔུང་ཁག་ཅིག་གཏོད་ནས་དུས་བདེའི་བོད་ལྗོངས་དང་སྐྱོན་བྲལ་གྱི་བོད་ལྗོངས་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།