རང་སྐྱོང་ལྗོངས་ཀྱིས་2025ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་མཉམ་སྡེབ་སྐོང་འདྲིའི་ཚོགས་འདུ་འཚོགས་པ།
ཚེས་22ཉིན། རང་སྐྱོང་ལྗོངས་ཀྱིས་2025ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་མཉམ་སྡེབ་སྐོང་འདྲིའི་ཚོགས་འདུ་འཚོགས་ནས“སྤྱིར་བཏང”རིམ་པར་བདམས་པའི་ས་ཁུལ་དང་གྲོང་ཁྱེར་དང་ཚན་པ་9ཡི་འགན་འཁུར་བློ་མཐུན་གཙོ་བོར་མཉམ་སྡེབ་སྐོང་འདྲི་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་ནས་ལས་དོན་གྱི་མི་འདང་ས་རེ་རེ་བཞིན་བཏོན་ཏེ་གནོན་ཤུགས་བརྒྱུད་སྤྲོད་ནུས་ལྡན་དང་སྒུལ་ཤུགས་གང་ལེགས་འཕེལ་བར་བྱས་ཡོད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཏང་ཨུད(ཏང་ཙུའི)ཀྱི་བྱེད་པོའི་འགན་འཁྲི་དང་ཧྲུའུ་ཅི་འགན་འཁུར་བ་ཨང་དང་པོ་ཡིན་པའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་བསམ་གཞིག་གཏིང་ཟབ་བྱེད་པ་དང་། ཚུར་ལན་གནད་དོན་ལ་ཞིབ་བསྡུར་ནན་ཏན་བྱེད་པ། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་དག་ཐེར་གྱི་ཇུས་གཞི་བཟོ་བ། གནད་ལ་འཁེལ་བའི་དག་ཐེར་གྱི་བྱེད་ཐབས་རེ་རེ་བཞིན་འདོན་པ་བཅས་བྱས་ནས། དག་ཐེར་གྱི་དུས་ཚད་ཁ་གསལ་བཟོས་ཏེ། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། དཔྱད་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་བྱ་རྒྱུ་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་སྐོར་ཞིབ་དང་རྩིས་བཤེར་སོགས་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་སྤྱི་འདོམས་བྱས་ནས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། 2026ལོའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ཞན་ཆ་སེལ་བ། ལས་ཀའི་སྤུས་ཚད་ཡག་ཏུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།