དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀུང་ཧུའེ་ཚའེ་ཡིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོཌ་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་གཙོ་སྐྱོང་གནང་ནས། 2025 ལོར་ཞིབ་བཤེར་ཐག་གཅོད་བྱས་པའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བ་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སྔར་བས་འཛུགས་པ་དང་ལག་བསྟར་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་ལེན་བརྟན་པོ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་གནང་བ་རེད།

    ཀུང་ཧུའེ་ཚའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་བྱེད་མཁན་དང་དེར་སྐུལ་འདེད་གཏོང་མཁན་ཡག་པོ་བྱེད་དགོས་པ་མ་ཟད། དེའི་ནང་ཞུགས་མཁན་དང་ལག་ལེན་བསྟར་མཁན་ཡང་ཡག་པོ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། “མེ་ལོང་ཕྱོགས་གཉིས་མ”བེད་སྤྱོད་ཡག་པོ། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བཅས་བྱས་ཏེ། སྒྲིག་འཛུགས་འགོ་ཁྲིད་དང་། བཤེར་བསྡུར་ཞིབ་ཚགས། ཉེན་བརྡའི་སློབ་གསོ། དངོས་སྒྲུབ་འགན་འཁུར་བཅས་ཀྱི་ཐད་མདུན་དུ་བསྐྱོད་པ་དང་མིག་དཔེ་བསྟན་ནས་དེ་བས་སྙིང་སྟོབས་ཆེ་བའི་བསམ་པའི་ཉམས་འགྱུར་དང་དེ་བས་དངོས་སྒྲུབ་སྤྱོད་གཙང་གི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།