ལའེ་ཅའོ་རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུར་ཞུགས་པ།
ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག་བྱེད་པར་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་སར་འཇོག་པ་དང་། གཅིག་སྡུད་བཅོས་སྒྲིག་གི་དམིགས་ཚད་གཙོ་གནད་ལ་སྟངས་འཛིན་ནན་པོ། འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ། ལེགས་གྲུབ་ཀྱི་དུས་བཀག་བཟོ་བ། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་བཟོ་བ་བཅས་བྱས་ནས་དམིགས་འབེན་ལ་ཤུགས་བརྒྱབ་སྟེ་རིམ་བཞིན་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་ལས་འགན་ནན་ཏན་ངང་འཁུར་བ། རང་ངོ་མས་བཀོད་སྒྲིག་དང་། བཀོད་གཏོང་། ལྟ་སྐུལ་སྒྲུབ་གཉེར་བཅས་བྱེད་པ། འབྲེལ་ཡོད་སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་དང་། མཉམ་དུ་ཤུགས་རྒྱག་པ། ལས་ཕྱོད་ཆེར་གཏོང་ལ་སྐུལ་སྤེལ་བཅས་བྱེད་དགོས། སྒོ་ཕྱེ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་དང་བློ་ཡིད་ཚིམ་ཚད་དེ་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩི་དགོས། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།