ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་གསུམ་པ་གཙོ་སྐྱོང་གནང་བ།
ཟླ་4ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམིགས་ནས་བགྲོ་གླེང་དང་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཡི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བསམ་བློའི་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་བྱས་ནས་དགོངས་པ་གསར་པ་སློབ་སྦྱོང་གཏིང་ཟབ་དང་དོན་འཁྱོལ་ནན་པོ་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་འདུས་པའི་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་གཏིང་ཟབ་བྱས་ནས། བསམ་བློའི་མ་ལག་གི“ཆ་ཚང”ཁོང་དུ་ཆུད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཚད་བརྒལ“གསར་པ”ཤེས་རྟོགས་བྱེད་པ། ལག་ལེན་གྱི་ཁ་ཕྱོགས“ཡང་དག”སྟངས་འཛིན་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སྟོབས་ནུས་གསོག་འཇོག་དང་། དོན་འཁྱོལ་ལ་བརྟེན་ནས་སྒུལ་ནུས་བསྒྱུར་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས། བོད་ཀྱི་ལེགས་ཆར་གཞི་ཚུགས་ནས་སྔ་འཛིན་ཕྱི་གཏོད་ཀྱིས་འཆར་གཞི་གསར་པ་འགོད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། བོད་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཡུས་ཀུང་གི་སྙིང་སྟོབས་འདོན་པ་དང་གཞན་གྱི་སྔོན་ལ་བྱེད་ཕོད་པ་བྱས་ནས་འབད་བརྩོན་ཆེན་པོ་དང་གསར་འབྱེད་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྐྱང་ཞིག་ཧུར་ཐག་རྩོམ་དགོས། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཁྲིམས་བཞིན་འགན་འཁྲི་བསྒྲུབས་ཏེ་རྒྱང་ལམ་གསར་པར་གཡས་གཞོགས་གཡོན་འདེགས་བྱེད་དགོས། ཁྲིམས་འཛུགས་དང་དེང་རབས་ཅན་འཛུགས་སྐྲུན་འཚམ་མཐུན་གང་ལེགས་ཡོང་བ་མཐའ་འཁྱོངས་ཀྱིས་ཁྲིམས་འཛུགས་ལས་དོན་ཁྲོད་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མགྱོགས་མྱུར་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་བརྟན་ལྷིང་དང་དྭངས་གསལ་གྱིི་ཁྲིམས་སྐྱོང་ཁོར་ཡུག་མཁོ་འདོན་བྱེད་དགོས། ལྟ་སྐུལ་དང་དེང་རབས་ཅན་འཛུགས་སྐྲུན་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ་ལྟ་སྐུལ་བྱེད་པ་དང་། སྙན་ཞུ་ཉན་པ་དང་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་གནས་ཚུལ་དངོས་ཞིབ་བཤེར་དང་ཕན་འབྲས་དངོས་འདྲི་བ་བཅས་བྱས་ནས། སྲིད་གཞུང་གི“དཔལ་འབྱོར་རྩིས་ཐོར”ཞིབ་བཤེར་ཡག་པོ་བྱེད་པ་དང་མི་དམངས་ཀྱི“དངུལ་ཁུག”ལ་ལྟ་སྐྱོང་ཡག་པོ་བྱེད་དགོས། འཐུས་མིས་དེང་རབས་ཅན་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཐུས་མི་སྒྲིག་འཛུགས་བྱས་ནས་གླིང་ཁུལ་དང་ཁེ་ལས་སོགས་སུ་བསྐྱོད་དེ་རེ་འདུན་ཉན་པ། འཐུས་མིས་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། རྣམ་གྲངས་འཆར་འགོད་བཅས་ཀྱི་ཐད་ཐབས་འདོན་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མི་དམངས་འཐུས་ཚོགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།