ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།
ཟླ་4ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་ཀྱང་གནང་བ་རེད། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་དེ་བས་ཆེ་བ་རྒྱག་པ། དངོས་འཛིན་བཙན་འཐབ་ཀྱིས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས“དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་ཡིན”ཞེས་གསལ་སྟོན་གཏིང་ཟབ་གནང་བ་མ་ཟད། “སྲིད་དོན་ལས་རྗེས་སུའི་ཆེད་དུ་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ”སོགས་ཀྱི་གནད་དོན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་ཀྱང་གནང་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་བཏོན་གནང་བའི་བླང་བྱ་ཁ་གསལ་གྱིས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ལ་སྒུལ་ཤུགས་ཀྱང་ཆེན་པོ་སྦྱིན་ཡོད།ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་དང་། དགོངས་དོན་གྱི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཚད་གཞི་དང་ཡང་ཡང་བསྡུར་རྒྱུ་མཐའ་འཁྱོངས་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། སློབ་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ལ་ཞིབ་ལྟ་བྱེད་པ་ནི་འགོ་འཛུགས་ས་དང་བཅོས་སྒྲིག་དོན་འཁྱོལ་ནི་འགག་རྩ་ཡིན། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། བཅོས་སྒྲིག་ལས་དོན་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། བཅོས་སྒྲིག་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། བཤེར་འདོན་བྱས་པའི་གནད་དོན་ལ་དམིགས་ནས་ཞིབ་ཕྲ་དང་། དངོས་སྒྲུབ། བཀོལ་སྤྱོད་ཆོག་པ་བཅས་ཀྱི་བཅོས་སྒྲིག་བྱེད་ཐབས་བཟོ་བ། བཅོས་སྒྲིག་གི་རྩིས་ཐོ་བཟོ་བ། ཐོ་བསུབ་དོ་དམ་ལག་བསྟར་དང་ལྟ་སྐུལ་སྒྲུབ་གཉེར་ལ་རྒྱུན་མཐུད་རྗེས་བསྙེགས་བཅས་བྱས་ཏེ། གནད་དོན་རེར་ཇུས་གཞི་རེ་ཡོད་པ་དང་རེ་རེ་བྱས་ནས་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། རྩ་ལག་མཉམ་བཅོས་ལ་གཙིགས་ཆེན་བྱས་ཏེ། “མིག་སྔའི་བཅོས་སྒྲིག”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གཅིག་སྡུད་འགག་སྒྲོལ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་ཞན་ཆ་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ། “གནད་དོན་གཅིག་ཐག་གཅོད་བྱེད་པ”ནས“རིགས་གཅིག་པའི་གནད་དོན་མང་པོ་ཐག་གཅོད”ཐུབ་པར་བྱེད་དགོས། བཅོས་སྒྲིག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོངས་བསྒྲགས་ངང་བཅོས་སྒྲིག་ལ་དམ་འཛིན་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། དྲང་ཕྱོགས་ཀྱི་དཔེ་མཚོན་གྱིས་སྣེ་ཁྲིད་ཐུབ་པ་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱིས་ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་པ་བཅས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། རིམ་ཁག་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གིས་འཐབ་ས་དང་པོར་མཛུབ་ཁྲིད་བྱེད་པར་བསྐྱོད་ནས། བཅོས་སྒྲིག་ཡག་པོ་མི་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། བཅོས་སྒྲིག་གི་འགན་འཁྲི་ནན་དུ་གཏོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གིས་སྣེ་ཁྲིད་དེ་གནད་དོན་ལ་ངོས་འཛིན་དང་རྩིས་ལེན་བྱེད་པ། བཅོས་སྒྲིག་བྱེད་རིང་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་སྒྲུབ་པ། ཚན་ཁག་གི་ཁོངས་མིས“གནས་གཅིག་འགན་གཉིས”དོན་འཁྱོལ་བྱེད་པ། རིམ་གྱིས་བརྒྱུད་ཁྲིད་སློབ་སྟོན་བྱ་རྒྱུ་ནན་དུ་གཏོང་བ་བཅས་བྱས་ནས། བཅོས་སྒྲིག་ལས་དོན་ཁྲལ་སེལ་སླ་བཅོས་མི་བྱེད་པར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔེ་མཚོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་ངང་གཏིང་ཟབ་སྦྱོང་བ་དང་། གོ་དོན་མཐིལ་རྟོགས་ངང་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱེད་པ། རང་རྟོགས་ངང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསམ་བློ་དང་ཟུང་འབྲེལ་དང་བྱ་སྤྱོད་དུ་འཁྱོལ་བ་བཅས་བྱས་ནས། ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་དགོས། སྣེ་ཁྲིད་དེ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་བོད་ཀྱི་དོན་དངོས་དང་བསྟུན་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི“ངོ་སྲུང་ལས་གྲྭ”དང“རྟགས་མཚོན་ལས་གྲྭ”མི་གཉེར་བ་བཅས་བྱས་ཏེ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བར་དོ་དམ་བཅས་ཀྱི་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་དགོས། སྣེ་ཁྲིད་དེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ནས་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་འགོག་ཟོན་དང་ཡོ་བཅོས་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ། ཚད་ཡོད་ཀྱི་མི་རྒྱུ་དངུལ་གསུམ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་སྤྱོད་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་ཚོས་ལས་དོན་ཏན་ཏིག་བསྒྲུབས་ཏེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། སྣེ་ཁྲིད་དེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ལ་རང་རྟོགས་ངང་བཀག་འགོག་བྱེད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། དྲང་གཞག་ངང་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་པ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།