རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་2026ལོའི་ལྗོངས་ཡོངས་ཀྱི་ཏང་ཡོན་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་འཆར་གཞིར་ཞིབ་འཇུག་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས། 2026ལོའི་ལྗོངས་ཡོངས་ཀྱི་ཏང་ཡོན་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་འཆར་གཞིར་ཞིབ་འཇུག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་ཡོན་སློབ་གསོའི་གསོ་སྦྱོང་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཀྲུང་དབྱང་གི《ལས་བྱེད་པ་དང་ཏང་ཡོན་གྱི་གཞི་རྩའི་གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལས་དོན་འཆར་འགོད(2024ལོ་ནས་2028ལོ་བར)》དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གསོ་སྦྱོང་བྱེད་སྟངས་དང་བྱ་ཐབས་ལེགས་སུ་གཏོང་བ་དང་གསར་གཏོད་བྱས་ནས། ཏང་ཡོན་སློབ་གསོའི་གསོ་སྦྱོང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བྱེད་སྟངས་དང་བྱ་ཐབས་གསར་གཏོད་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་དཔེ་མཚོན་སློབ་ཁྲིད་སོགས་ཀྱི་གསོ་སྦྱོང་བྱེད་སྟངས་ཡག་པོ་སྤྱད་དེ། གསོ་སྦྱོང་གི་ཡིད་དབང་འགུག་ཤུགས་དང་ཕན་འབྲས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྱོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་དང་རང་སོའི་ཁྱད་ཆོས་ལྡན་པའི་དགོས་མཁོ་ཕན་ཚུན་གཅིག་གྱུར་ཧུར་ཐག་ཡོང་བར་བྱས་ནས། ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་གི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པའི་རྒྱང་ལམ་དུ་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས།
འབྲེལ་ཡོད་གསར་འགྱུར།