དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པས་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2026ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    ཚེས་10ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2026ལོའི་ཚོགས་འདུ་ཐེངས་དང་པོ་དང་། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ལས་དོན་ལ་ཕྱོགས་སྡོམ། དུས་བབ་ལ་དབྱེ་ཞིབ་བཅས་བྱས་པ་མ་ཟད། 2026ལོའི་ལས་ཀའི་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་དང་། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    བསྟན་པས་ནན་བཤད་གནང་དོན། ཐབས་ལམ་མང་པོར་བརྟེན་ནས་རིགས་ཁག་གི་ལས་ཞུགས་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། ལས་གནས་སྔོག་འདོན་དང་གཞི་ཁྱོན་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། སྤུས་ལེགས་ལས་གནས་ཀྱི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་ཞུགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ལས་མི་བསྡུ་བའི་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བ། ལས་ཞུགས་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་པ། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་རོགས་སྐྱོར་ལས་དོན་གནད་སྨིན་སྤེལ་བ་བཅས་བྱས་ནས། ལས་ཞུགས་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།