དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-11

    ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ། མི་དམངས་འཐུས་ཚོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་སྔར་བས་དམ་འཛིན་ནན་པོ་བྱས་ནས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་བྱེད་པའི་གལ་ཆེའི་ནུས་པ་གང་ལེགས་འདོན་པ་དང་། “ལས་ཁུངས་བཞིའི”ཞིབ་ཕྲའི་བླང་བྱ་དང་ཡང་ཡང་བསྡུར་བ། སྤྱོད་ཚུལ་ལེགས་གཏོང་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་མུ་མཐུད་བྱས་ཏེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་རང་འགན་གཙང་སྒྲུབ་དང་། རང་འགུལ་ངང་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་འབུལ་བ་དང་། ལྗོངས་ཡོངས་ཀྱི་2026ལོའི་ལས་དོན་ཁག་དང་ལྷག་པར་དུ་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ཧྲིལ་པོའི་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཁུངས་དང་ལུང་ཡོད་པ་དང་ཕན་འབྲས་ལྡན་པའི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་འདོན་དགོས།

    ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཁྲོད་མི་དམངས་འཐུས་ཚོགས་ཀྱི་ནུས་པ་སྔར་བས་མངོན་པར་བྱེད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་སྲོལ་ཡིག་གི་ཁྲིམས་འཛུགས་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དོན་འདྲི་རྩད་སོགས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ནུས་ཤུགས་འདོན་དགོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་སྐབས་བརྗེའི་འདེམས་བསྐོ་ཡག་པོ་བྱ་རྒྱུར་སྔར་བས་མཛུབ་ཁྲིད་བྱས་ཏེ“ཆབ་སྲིད་ཀྱི་འགག་སྒོ”དང་། “འོས་མིའི་འགག་སྒོ” “གོ་རིམ་གྱི་འགག་སྒོ” “སྒྲིག་ཁྲིམས་ཀྱི་འགག་སྒོ”བཅས་ནན་པོ་བསྲུངས་ནས་འཐུས་མི་ཡག་པོ་ཁག་གཅིག་འདེམས་ཐུབ་པ་དང་། ཚན་ཁག་ཡག་པོ་གཅིག་ཧྲག་སྒྲིག དར་སྲོལ་བཟང་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག དཔལ་འབྱོར་འཁོར་རྒྱུག་གི་དུས་བབ་ལ་ལྟ་ཞིབ་བྱེད་པའི་ས་ཚིགས་འཛུགས་རྒྱུའི་སྐོར་གྱི་ནོར་དཔལ་ཨུ་ཡོན་ལྷན་ཁང་དང་། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ལ་ལྟ་ཞིབ་བྱེད་པའི་ས་ཚིགས་འཛུགས་རྒྱུའི་སྐོར་གྱི་ཞིང་ལས་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་བརྟན་ལྷིང་ལ་ལྟ་ཞིབ་བྱེད་པའི་ས་ཚིགས་འཛུགས་རྒྱུའི་སྐོར་གྱི་ལྟ་ཞིབ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་ཀའི་འཕེལ་རིམ་གནས་ཚུལ་ལ་ཞིབ་འཇུག་བྱས་པ་མ་ཟད། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་ཆེད་དོན་སློབ་སྦྱོང་འཆར་གཞི་སོགས་ཀྱི་དོན་གནད་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།