རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་2026ལོའི་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།
ཚེས་9ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གི་ཤིང་འཛུགས་ས་ཚིགས་སུ་ཕེབས་ཏེ་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་2026ལོའི་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྐྱེ་ཁམས་ལས་གྲྭ་དང་དམངས་སེམས་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། ལས་གྲྭར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་ཤིང་འཛུགས་ས་ཚིགས་ཀྱི་མཐའ་འཁོར་དུ་རྩི་ཤིང་རིམ་གྱིས་མང་དུ་ཕྱིན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྱིས་སྦྱག་མ་འཁྱེར་ནས་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་སྡོང་ཁུང་འདྲུ་བ་དང་། ས་སྐྱོར་རྒྱག་པ། ཆུ་རྒྱག་པ་བཅས་བྱས་ཏེ་གསོམ་ཤིང་དཀར་པོ་སོགས་སྡོང་ཕྲུག་རྐང་600ལྷག་ཙམ་བཏབ་པ་དང་ས་གནས་ས་ཐོག་ཏུ་བྲེལ་བ་ཆེ་བའི་རྣམ་པས་ཁེངས་ཡོད་པ་རེད།
ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་བྱ་གཞག་བླ་ན་མེད་པ་ཞིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ལ་ཡོད་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སྐྱེ་ཁམས་ལ་ཡོད་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཤིང་འཛུགས་ནགས་བཟོའི་ནང་ཧུར་ཐག་ཞུགས་ཏེ། སྤྱི་ཚོགས་ཡོངས་སུ་སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་དར་སྤེལ་བཅས་ཀྱི་ཤེས་དཔལ་དར་སྲོལ་བཏོད་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་ལེན་བསྟར་ནས། ལྷ་ས་དང་དེའི་ཉེ་འཁོར་གྱི་རི་རྒོད་ལ་སྔོ་ལྗང་གི་མཛེས་རྒྱན་སྤྲས་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ནགས་ཚལ་མུའུ་ཁྲི་110.87བཟོས་པ་དང་། སྡོང་ཕྲུག་རྐང་དུང་ཕྱུར་1.25ལྷག་ཙམ་བཙུགས་པར་སྤྱིའི་གསོན་ཚད་85%ཡན་ཟིན་པ། མི་ཐེངས་ཁྲི་370ལྷག་ཙམ་འོས་འགན་ལྕང་འཛུགས་ནང་ཞུགས་པས་འཆར་འགོད་ཀྱི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱུང་སྟེ“ལོ་ལྔའི་ནང་རི་ཀླུང་ལ་རྩི་ཤིང་མང་དུ་གཏོང་བའི”དམིགས་ཚད་མངོན་འགྱུར་ཡག་པོ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།