རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།
ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་དང་གསུང་བཤད་གནང་བ།
ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། ཚེས་7དང་8ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་དང་གསུང་བཤད་གནང་ཞིང་། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ནས། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་སློབ་སྦྱོང་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སློབ་སྦྱོང་སློབ་གསོར་དམ་འཛིན་ནན་པོ་བྱས་ནས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རྩ་བའི་ཁ་ཕྱོགས་བརྟན་སྲུང་དང་། “དོན་ཆེན་བཞིར” དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་རྒྱག་པ། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་འཁྱེར་སོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་བསྐྱངས་ཏེ་ཚད་གཞི་དེ་བས་མཐོ་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ལག་བསྟར་པ་དང་། ལག་ལེན་པ། དངོས་སྒྲུབ་མཁན་བཅས་ཡག་པོ་བྱས་ནས། ལས་རྗེས་དང་ཕན་འབྲས་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་སྲིད་གཞུང་ལས་དོན་གྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཚང་མར་ཁྱབ་པར་བྱེད་པ། མི་སྐྱོང་མ་འཇོག་དང་དངོས་པོར་མ་འཇོག་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ནས། སྲིད་གཞུང་གི་ལས་དོན་དེ་དམངས་སེམས་དང་མཐུན་པ་དང་། དམངས་བབ་དང་མཐུན་པ། དམངས་འདོད་དང་མཐུན་པ་བཅས་བྱེད་དགོས། ཆོས་ཉིད་ལ་སྲུང་བརྩི་ཞུ་བ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ལས་སྒྲུབ་ཚད་གཞིར་བརྩི་སྲུང་ནན་ཏན་ཞུ་བ་དང་། བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱེད་པ། མཁོ་དགོས་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་སྒྲིག་ལམ་ལྟར་ལས་དོན་སྒྲུབ་པ་བཅས་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དམངས་གཙོའི་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལམ་སེང་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལག་ལེན་གྱི་བླང་བྱ་བརྟན་སྲུང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་ཡང་ཡང་བསྡུར་བ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་པ། ཐབས་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ལས་སྒྲུབ་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཐད་ཤུགས་བརྒྱབ་སྟེ། ཉམས་སད་ཐེག་པའི་དོན་འཁྱོལ་གྱི་ཕན་འབྲས་ལ་བརྟེན་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། སློབ་སྦྱོང་དང་བགྲོ་གླེང་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ་དང་། དག་ཐེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གཅིག་ཤེས་ཀུན་གྲོལ་གྱི་ཐོག་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སློབ་སྦྱོང་སློབ་གསོ་དེ་སྲིད་གཞུང་ཁོངས་གཏོགས་སུ་གཏིང་ཟབ་དང་ཏན་ཏིག་ཡོང་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི” འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།
འབྲེལ་ཡོད་གསར་འགྱུར།