བསྟན་པས་རང་སྐྱོང་ལྗོངས་ནུས་རྒྱུ་གཙང་མའི་ཐོན་ལས་ཆེད་དོན་ཚོགས་ཆུང་གི་2026ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།
ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རང་སྐྱོང་ལྗོངས་ནུས་རྒྱུ་གཙང་མའི་ཐོན་ལས་ཆེད་དོན་ཚོགས་ཆུང་གི་2026ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 2025ལོའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་སྡོམ། 2026ལོའི་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་གྲོས་ཞིབ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
བསྟན་པས་ནན་བཤད་གནང་དོན། གྲོང་ཁྱེར(ས་ཁུལ)ཁག་གི་སྡེ་ཚན་དང་ཁེ་ལས་ཀྱིས་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དེ་ནུས་རྒྱུ་གཙང་མ་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་དམིགས་ཚད་ལས་འགན་ལ་དམིགས་པ་དང་། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གློག་ཁུངས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་སྐྱེད་བདེ་འཇགས། ནུས་རྒྱུ་བདེ་འཇགས། དམངས་འཚོ་འགན་སྲུང་བཅས་ཀྱི་མཐའ་ཚད་ནན་པོ་བསྲུངས་ཏེ། འགོག་སྲུང་འཛིང་རགས་བཞི་པོ་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་མ་འཇོག་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་ནན་པོར་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།