དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསོད་ནམས་ཉི་མས་འབྲས་སྤུངས་དགོན་དང་གནས་ཆུང་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-09

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྷ་ས་གྲོང་ཁྱེར་འབྲས་སྤུངས་དགོན་དང་གནས་ཆུང་དགོན་དུ་བརྟག་ཞིབ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱང་གནང་བ་རེད།

    བསོད་ནམས་ཉི་མས་གསུངས་དོན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོ་བརྗོད་ནས་དགོན་སྡེའི་དགེ་འདུན་པ་རྣམས་ཀྱིས་བོད་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཏང་གི་དམིགས་བསལ་ཐུགས་ཁུར་དངོས་འབྲེལ་ཚོར་བར་བྱས་ཏེ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།

    བསོད་ནམས་ཉི་མས་ས་གནས་ས་ཐོག་ཏུ་དགོན་སྡེའི་དོ་དམ་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་བ་མ་ཟད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། དགོན་སྡེའི་དགེ་འདུན་པ། མེ་ཟོན་རོགས་སྐྱོབ་མི་སྣ་སོགས་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལག་ལེན་ཡག་པོ་བསྟར་ཏེ་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཆོས་ལུགས་རིགས་ཁོངས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་བཏོན་ཏེ་ཆོས་ལུགས་རིགས་ཁོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་གཏོང་བ་དང་། “ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། བློ་སྦྱོང་ལ་སྣང་ཆེན། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་ནན་ཏན་སྤེལ་ནས་བོད་བརྒྱུད་ནང་བསྟན་དེ་བས་ལེགས་པ་དང་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།