ལའེ་ཅའོ་ཡིས་ཆབ་མདོ་གྲོང་ཁྱེར་དང་། གོ་འཇོ་རྫོང་། འཇོ་མདའ་རྫོང་བཅས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཆབ་མདོ་གྲོང་ཁྱེར་དང་། གོ་འཇོ་རྫོང་། འཇོ་མདའ་རྫོང་བཅས་སུ་ཕེབས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་མཛུབ་ཁྲིད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་དང“དམ་འཛིན་གཅིག་དང་སྐུལ་འདེད་གཉིས” ལས་བྱེད་པ་གྲོང་སྡོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་བཅས་གནང་ཞིང་། “ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་ཏང་ཡོན་རྒན་གྲས་དང་གྲོང་སྡོད་ལས་དོན་རུ་མིར་འཚམས་འདྲི་ཞུས་པ་མ་ཟད། གཞི་རིམ་དུ་འཚམས་འདྲིའི་ལས་དོན་སྤེལ་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་ཆབ་མདོའི་ལེའུ་གསར་ཡག་པོ་རྩོམ་དགོས།
གོ་འཇོ་རྫོང་དང་འཇོ་མདའ་རྫོང་དུ་ལའེ་ཅའོ་ཡིས་ནན་བཤད་གནང་དོན། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། “གསེར་སྙེ་ཞིང་ཕན་ཀུན་ཁྱབ”ཀྱི་ཀུན་ཕན་རང་བཞིན་གྱི་དངུལ་རྩའི་ཞབས་ཞུ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།