རེན་ཝེ་ཡིས་ལྷ་ས་གྲོང་ཁྱེར་དུ་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།
ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྷ་ས་གྲོང་ཁྱེར་དུ་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ་རེད།
རེན་ཝེ་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་ལྷ་ས་མ་འཇོག་ཐེ་ལའེ་ཏན་གློག་གསོག་དྲ་བའི་ཚན་རྩལ་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། ཀྲུང་ཤིང་འཕྲིན་གཏོང་བོད་ལྗོངས་ཡན་ལག་ཀུང་སི། ལྷ་ས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་། བོད་རང་སྐྱོང་ལྗོངས་ཐད་གཏོང་དྲ་ཚོང་དཔེ་སྟོན་རྟེན་གཞི་བཅས་ལ་ཕེབས་ནས་ཁེ་ལས་ཀྱི་ཐོན་རྫས་ནུས་པ་དང་། གཉེར་སྐྱོང་གི་དོ་དམ་བྱེད་སྟངས། ཚན་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ། གཉེར་སྐྱོང་དོ་དམ་གྱི་གནས་ཚུལ། འཕེལ་རྒྱས་འཆར་འགོད་བཀོད་སྒྲིག ལས་ཞུགས་སྣེ་ཁྲིད་དང་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
རེན་ཝེ་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཆར་འགོད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་འདེཌ་སྐྱོར་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་རོགས་སྐྱོར་ཡག་པོ་བཅས་བྱས་ནས་དེང་རབས་ཞབས་ཞུ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་རིམ་བཞིན་ཞིབ་འཇུག་ཐག་གཅོད་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བ་དང་མང་ཚོགས་ཀྱིས་འཚོ་བར་རེ་སྒུག་བྱེད་པར་དམིགས་པ་དང་འཕེལ་རྒྱས་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིཌ་ཏེ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། གཙོ་གནད་ལས་གྲྭ་འཛུཌ་སྐྲུན་དང་ནུས་རྒྱུའི་ཐོན་ཁུངས་གལ་ཆེན་གསར་སྤེལ་སོགས་ལ་ཞབས་ཞུ་དང་འགན་ལེན་བྱེད་པར་དམིཌ་ནས། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ཚང་མར་ཚོང་འགུཌ་ཧུར་ཐག་བྱས་ཏེ་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིཌ་གཞི་ཁྱོན་ཆེན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཐོན་ལས་གླིང་སོགས་ལས་སྟེགས་གལ་ཆེན་གྱི་གཞི་རྟེན་འཛུགས་སྐྲུན་དང་འཁོར་སྐྱོད་བདག་སྐྱོང་ཡག་པོ་བྱེད་པ། ཁེ་ལས་ལ་ཁྲིམས་ལྟར་ལུགས་མཐུན་ངང་ཡིད་རྟོན་གཉེར་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བཅས་བྱས་ཏེ། གསར་དར་ཚོགས་སྤྱིའི་ལས་གཏོད་ལས་ཞུཌ་ལ་ཁྲོམ་རའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།