དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཟླ་3ཚེས་30ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། བདེ་འཇགས་ཐོན་སྐྱེད་ཀྱི“གསལ་ཐོ་གཉིས་དང་གཙོ་གནད་གསུམ”ལ་ཞིབ་འཇུག་དང་གྲོས་ཞིབ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་འཛོལ་སྣ་ཚོགས་ནས་བསླབ་བྱ་གཏིང་ཟབ་བླངས་ཏེ། ལས་འཛོལ་ཐོན་རྐྱེན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གྲལ་བཤེར་བྱེད་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་ཕྱོགས་སྟོན་དུ་བཟུང་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་དང་གེགས་བར་མ་བྱུང་གོང་ནས་སེལ་དགོས། འགན་འཁྲིའི་སྦྲེལ་ཐག་ནན་དུ་བཏང་སྟེ། ཏང་སྲིད་ཀྱི་འགན་འཁྲི་དང་། གཏོགས་ཁོངས་ཀྱི་འགན་འཁྲི། ལས་རིགས་ཀྱི་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དེ་ཞིབ་ཕྲའི་ལས་གནས་དང་མི་སྣའི་ཐོག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྡེ་ཚན་མཉམ་འགུལ་དང་མཉམ་དུ་ཤུགས་རྒྱག་པར་ཤུགས་སྣོན་བརྒྱབ་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། རིག་དངོས་ཚན་པ་སོགས་སྐྲུན་དངོས་ཀྱི་མེ་ཟོན། འབྲུབ་འགོག་གེགས་སེལ་སོགས་ཀྱི་གཙོ་གནད་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། དངོས་སྒྲུབ་དང་ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས། ལས་དོན་ཁག་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།