ལའེ་ཅའོ་རང་སྐྱོང་ལྗོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གསོ་སྦྱོང་དང་ལས་དོན་བཀོད་གཏོང་ཚོགས་འདུར་ཞུགས་པ།
ཚེས་1ཉིན། རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གསོ་སྦྱོང་དང་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མིར་གསོ་སྦྱོང་བྱས་པ་དང་ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ཏང་ཨུད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་5འཛུགས་རྒྱུའི་ཐག་བཅད་ནས། ས་ཁུལ་དང་ཚན་པ་16ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་གནོན་ཤུགས་བརྒྱུད་འདྲེན་ནུས་ལྡན་དང་། གནད་དོན་ཐག་གཅོད་ལ་སྐུལ་འདེད། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ལྟ་སྐུལ་མཛུབ་ཁྲིད་དང་མཛུབ་ཁྲིད་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྱོད་ཚུལ་ནན་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འདྲི་གཞི་གཅིག་ལ་མཉམ་དུ་ལན་འདེབས་རྒྱུ་མཐའ་འཁྱོངས་བྱེད་པ། བྱེད་ཐབས་ལ་སྣང་ཆེན་བྱེད་པ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། མངོན་གསལ་དོད་པའི་གནད་དོན་དག་ཐེར་བྱེད་པ། ལམ་ལུགས་དང་སྒྲིག་ལམ་བཟོ་བ་བཅས་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་ནས། སྤུས་ཚད་མཐོ་བའི་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་ཚན་པས་གནད་དོན་ལ་མཐོང་ཆེན་དང་གྲི་དངོ་རང་གཏད་ཀྱིས་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་དང་ལེན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འགན་ལེན་གང་ལེགས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།