ལའེ་ཅའོ་མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་ཕྱི་གློག་ལྷན་སྦྱར་ལས་གྲྭའི(བོད་ལྗོངས་དུམ་བུ)ལས་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་ལ་ཞུགས་པ།
ཚེས་31ཉིན། རྒྱལ་ཁབ་གློག་དྲ་ཀུང་སིས་ལྷ་སར་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ལྷན་སྦྱར་ལས་གྲྭའི(བོད་ལྗོངས་དུམ་བུ)ལས་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཕྱི་གློག་ལྷན་སྦྱར་ལས་གྲྭ་ནི་མཚོ་བོད་ལྕགས་ལམ་གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཡིན་ལ། སྔོན་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྣམ་གྲངས་ལས་འགོ་འཛུགས་པར་འགན་སྲུང་ནུས་ལྡན་བྱས་ཡོད། རྒྱལ་ཁབ་གློག་དྲ་ཀུང་སིས་ལག་རྩལ་དང་། ཤེས་ལྡན་པ། མ་དངུལ་སོགས་ཕྱོགས་གང་ཅིའི་ལེགས་ཆ་གང་ལེགས་བཏོན་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ཕྱི་གློག་ལྷན་སྦྱར་ལས་གྲྭ་བདེ་བླག་ངང་ལས་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། རྒྱལ་ཁབ་གློག་དྲ་ཀུང་སི་དང་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱིས“མཐར་སོན་ལ་འགྲན་སློང་དང་། རྩེར་སོན་གཏོད་ཕོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི”དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་བསྐྱངས་ནས་འགན་འཁྲི་གཙང་སྒྲུབ་དང་ལས་འགན་ཐེག་པ་ཁུར་ལེན་བྱས་ཏེ། མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་ཕྱི་གློག་ལྷན་སྦྱར་ལས་གྲྭ་དེ་སྤུས་ལེགས་ཀྱི་ལས་གྲྭ་དང་། བདེ་འཇགས་ཀྱི་ལས་གྲྭ ལྗང་མདོག་གི་ལས་གྲྭ གསར་གཏོད་ཀྱི་ལས་གྲྭ སྤྱོད་གཙང་གི་ལས་གྲྭ་བཅས་སུ་ཏན་ཏིག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
འབྲེལ་ཡོད་གསར་འགྱུར།