ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོཌ་པ།
ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་24ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། དག་ཐེར་བྱེད་ཚུལ་ཉན་པ་མ་ཟད། དམིགས་ཚད་ལས་འགན་གཞིར་བཟུང་གོམ་སྟབས་རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་ནན་བཤད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ནི་དམངས་དོན་ཁྲིམས་གཞུང་རྗེས་སུ“ཁྲིམས་གཞུང”གི་མིང་བཏགས་པའི་རང་རྒྱལ་གྱི་བཅའ་ཁྲིམས་གཉིས་པ་དེ་ཡིན་ཞིང་། དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་བསྡུས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་པ་ཞིག་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ལམ་ལུགས་ལ་ཚད་ལྡན་གྱི་མ་ལག་སྒྲིལ་བཅོས་དང་། རྩོམ་སྒྲིག་དག་བཅོས། འདུས་གྲུབ་ལེགས་བཅོས་བཅས་བྱས་པ་ཞིག་ཡིན་ལ། ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། སྐོར་ཞིབ་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲིམས་སྐྱོང་གི་རྒྱབ་རྟེན་བརྟན་པོ་ཞིག་དེ་བས་ཀྱང་རེད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་གཏིང་ཟབ། སྣེ་ཁྲིད་དེ་ལག་བསྟར་ཡག་པོ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་དབང་བཙན་རང་བཞིན་ལ་བརྟེན་ནས་དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། དག་ཐེར་གྱི་གྲུབ་འབྲས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་སྤུས་ཚད་ལ་ཞིབ་དཔྱད་བྱས་ཏེ། ཁྲིམས་བཞིན་བཅོས་སྐྱོང་དང་གནད་དོན་དག་ཐེར་གཉིས་ཀར་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གྲུབ་འབྲས་ཁས་ལེན་དང་ཡིད་ཆེས་བརྟན་དུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ལས་དོན“ཕྱོགས་ཡོངས་ནས་འགོ་ཚུགས་པ”ནས“དཀའ་གནད་འགག་སྒྲོལ”བྱེད་པར་བསྒྱུར་བ་དང་། “རེ་རེ་བཞིན་དོན་འཁྱོལ་བྱེད་པ”ནས“སྤུས་འབྲས་ལེགས་གཉེར”བྱེད་པར་བསྒྱུར་བ། “ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པ”ནས“བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལེགས་བཅོས”བྱེད་པར་བསྒྱུར་ཡོད། ཡིད་ཆེས་བརྟན་གཏོང་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། མུ་མཐུད་འཛེམ་མེད་དམར་འདོན་དང་ཇི་མ་ཇི་བཞིན་ངང་དག་ཐེར་ལ་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྐོར་ཞིབ་ལན་སྤྲོད་བསམ་འཆར་དག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས། དམིགས་ཚད་ལ་གཞིགས་པ་དང་གཅིག་སྡུད་འགག་སྒྲོལ་བྱས་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་སེམས་ཤུགས་ཆེས་ཆེར་འཕེལ་བ་དང་འབད་བརྩོན་ཆེན་པོ་བྱས་ནས། དུས་བཀག་ལ་དམ་པོར་དམིགས་ནས་མྱུར་ཚད་ལ་དམ་འཛིན་དང་། སྤུས་ཚད་ལ་དམིགས་ནས་ལེགས་བཅོས་ལ་དམ་འཛིན། རྩ་ལག་མཉམ་བཅོས་ཀྱིས་ཕུགས་ཕན་ལ་དམ་འཛིན་བཅས་བྱས་ཏེ། སྐོར་ཞིབ་དག་ཐེར་གྱི་བཀོད་སྒྲིག་ཁག་ཏན་ཏན་ཏིག་ཏིག་ངང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།