དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོཌ་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་ནས《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་རྣམ་བཤད་གཅེས་བསྡུས》སོགས་ཀྱི་ནང་དོན་ཐུན་མོང་ཐོག་སློབ་སྦྱོང་དང་བགྲོ་གླེང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་སྤེལ་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕྲལ་དུ་སློབ་སྦྱོང་སློབ་གསོ་སྤེལ་འགོ་བཙུགས་ཏེ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་ལག་བསྟར་ཇུས་གཞི་བཟོས་པ་དེས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་འགོ་ནས་འཇུག་བར་ལག་བསྟར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང“སྤྱི་དོན་དུ་ཏང་འཛུཌ་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྙིང་ཁོང་རུས་པའི་གཏིང་དུ་ཟུག་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལོ་བརྒྱའི་ཏང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་རྟོགས་པར་བྱས་ཏེ་གནམ་ས་གསར་འབྱེད་དང་། གནམ་སྒྱུར་ས་བརྗེས། གནམ་ས་བླ་འོག་ཏུ་འགྱུར་བ་བཅས་ནས་གནམ་ས་གཡོ་བའི་བར་གྱི་འབད་འཐབ་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱུན་ཆད་མེད་པར་བསྐྱར་ལྟ་དང་ཏང་གཤིས་བློ་སྦྱོང་ལ་བསྐྱར་དུ་ཞུན་བརྡར་སྤྲོས་དགོས་པ་དང་། དམངས་ལ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གཏོད་དགོས། དཔའ་བོ་དཔེ་བཟང་གི་མིག་དཔེའི་སྣེ་ཁྲིད་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་དག་བཅོས་བྱས་ཏེ“གོང་ལྟ”དང“འོག་ལྟ”གཅིག་གྱུར་དང་། “སྔ་བལྟས”དང“ཕྱི་བསམ”གཅིག་གྱུར། “མངོན་ཆེའི་འབད་རྩོལ”དང“མངོན་ཆུང་གི་འབད་རྩོལ”གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ནས་རང་རྟོགས་ངང་དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་ལས་དོན་སྒྲུབ་དགོས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་འདེགས་སྐྱོར་བྱེད་པའི་འཕེལ་རིམ་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་བྱས་ནས་ཁྲིམས་འཛུགས་ལས་དོན་ཁྲོད“ཚགས་ཚུད”དང“ཏན་ཏིག”མངོན་པ་དང་། ལྟ་སྐུལ་ལས་དོན་ཁྲོད“བཙན་ཐབས”དང“ཕན་འབྲས”མངོན་པ། འཐུས་མིའི་ལས་དོན་ཁྲོད“འབྲེལ་གཏུག”དང“འགན་སྒྲུབ”མངོན་པ། རང་ངོས་འཛུགས་སྐྱོང་ཁྲོད“ནན་པོ”དང“ཚུལ་མཐུན”མངོན་པ་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གཏན་འཁེལ་བྱས་པའི་དམིགས་ཚད་དང་གཏན་ལ་ཕབ་པའི་འགན་འཁྲིར་དམ་འཛིན་མཐའ་གཅིག་ཏུ་དང་སྙིང་རུས་གཏན་འཁྱོངས་དང་མགོ་ཡོད་མཇུག་ཡོད་དང་བྱེད་མཁས་ལ་རྗེས་ཐོན་པར་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།