དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    ཟླ་3ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་ཆེད་དོན་བགྲོ་གླེང་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱར་སློབ་སྦྱོང་ནན་ཏན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བར། རྩ་འཛུགས་སྡེ་ཚན་གྱིས་འགན་འཁྲི་ཉིས་བརྩེགས་ཁུར་བཞིན་ཡོད། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པ་དང་བྱས་འབྲས་ལ་གཞིགས་ནས་དཔའ་བོ་ངོས་བཟུང་བའི་མི་སྤྱོད་ཕྱོགས་སྟོན་ཡང་དག་མངོན་གསལ་དོད་པོར་འཛུགས་དགོས་ཤིང་། ཡིག་རྒྱུགས་ལ་བརྟེན་ནས་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་ཡིག་རྒྱུགས་ལ་བརྟེན་ནས་མི་སྣ་འདེམས་སྤྱོད་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པ་འདེམས་པ་དང་ཚན་པ་བཀོད་སྒྲིག་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ། དཔུག་ཁག་འཛུགས་སྐྱོང་དང་ཤེས་ལྡན་པ་བསྡུ་རུབ་བྱེད་པ། ལས་ཁུངས་ལ་དོ་དམ་དང་སྒྲིག་ཁོངས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ལས་དོན་ཁག་ལ་སྐུད་འདེད་གཏིང་ཟབ་བཏང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་རིང་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་སྟོན་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་དེ་རྩ་འཛུགས་སྡེ་ཚན་ཁག་གིས་རང་ཉིད་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས་ཤིང་། ཚད་གཞི་སྔར་ལས་མཐོ་བ་དང་། རེ་བ་སྔར་ལས་ནན་པ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་སྒོ་ནས་སློབ་སྦྱོང་སློབ་གསོར་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་། གཞུང་དྲང་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དཔེ་སྟོན་སྡེ་ཚན་རྒྱུན་མཐུད་འཛུགས་སྐྱོང་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ཉམས་སད་ཐེག་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ། རྩ་འཛུགས་ལས་དོན་གྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”འགན་སྲུང་བྱེད་པའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།