དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལུགས་གསོ་རིག་ཁེ་ལས་སུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-23

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་། ནུའོ་ཏི་ཁང་ཚན་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་ཀྲུང་གོ་ཀོང་ཏུང་ཉིང་གློག་བདུད་རྩི་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་སུ་ཕེབས་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བའི་བོད་སྨན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ཁེ་ལས་གསུམ་གྱི་ཐོན་སྐྱེད་འཁོར་ཁང་དང་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་ཕེབས་ནས་ཁེ་ལས་ཀྱི་ཐོན་ནུས་ཕན་འབྲས་དང་། ཐོན་སྐྱེད་སྒྲུབ་རིམ་གསར་པའི་ཐོན་སྐྱེད་གནས་ཚུལ། དེ་བཞིན་ཚན་རྩལ་ཉེར་སྤྱོད་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་བསྟན་དོན། བོད་ལུགས་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མ་ལག་ཆ་ཚང་བ། སྨན་བཅོས་བྱ་ཐབས་དམིགས་བསལ་ལྡན་པས། དེ་ནི་ཀྲུང་ཧྭའི་མི་རིགས་རིག་གནས་དང་མེས་རྒྱལ་གྱི་གསོ་རིག་ནོར་བུའི་བང་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྤུས་རྟགས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས། ཐོན་རྫས་ཀྱི་རིན་ཐང་བརྟན་པོ་འཕར་བར་འགན་ལེན་བྱེད་དགོས་པ་དང་། ཐོན་ཚད་ཀྱི་སྤུས་ཀ་ལོན་པ་དང་ཕན་ནུས་ཆེན་པོ་ཐོན་པར་དམ་འཛིན་ཡག་པོ་བྱས་ཏེ། ཐོན་ནུས་ཆེ་རུ་བཏང་ནས་ཁྲོམ་རའི་སྨན་སྤྱོད་ཀྱི་དགོས་མཁོ་སྐོང་དགོས་པ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་བྱ་ཐབས་ཡག་པོ་སྤྱད་དེ། བོད་སྨན་གྱི་སྨན་རྒྱུ་དང་དེ་བཞིན་སྨན་རྫས་ལ་ནུས་ཆེའི་སྲིན་སེལ་ཁོར་ཡུག་སྲུང་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱས་ནས། སྨན་རྫས་ཀྱི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།