ཡན་ཅིན་ཧའེ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་ལས་དོན་ལ་བརྟག་ཞིབ་གནང་བ།
ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་དཔྱིད་རྨོད་དཔྱིད་འདེབས་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཞོགས་པའི་ཉི་འོད་འོག་ཏུ་ཁྲ་འབྲུག་དགོན་དང་ཡུམ་བུ་བརླ་མཁར་གྱི་བརྗིད་ཉམས་དང་གནའ་ཉམས་སྔར་བས་དོད་པ་ཞིག་སྣང་། ཡན་ཅིན་ཧའེ་ཡིས་དགོན་སྡེའི་ལོ་རྒྱུས་འཕེལ་རིམ་དང་། རིག་དངོས་སྲུང་སྐྱོབ། དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། “ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་བ། ཆོས་པ་དང་ཐོག་སྤྱི་དམངས་ཡིན་པ”བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་རྒྱུན་འཛིན་གྱིས་དེའི་རིན་ཐང་མངོན་པར་བྱས་ཏེ། དེ་ཉིད་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆོས་ལུགས་བྱེད་སྒོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
ཁྲ་འབྲུག་གྲོང་རྡལ་གྱི་ཡུལ་མི་མིག་དམར་བཀྲ་ཤིས་དང་ནོར་བུ་སྒྲོལ་མའི་ཁྱིམ་དུ། ཡན་ཅིན་ཧའེ་ཡིས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། “ནང་མི་ག་ཚོད་ཡོད”དང་། “ལོ་གཅིག་ལ་ཡོང་འབབ་ག་ཚོད་འདུག” “ཡོང་འབབ་གཙོ་བོ་གང་ནས་ཡོང་གི་ཡོད”ཞེས་པ་ལ་སོགས་ཁོང་ཚོར་འཚོ་བའི་འགྱུར་ལྡོག་དང་ཡོང་འབབ་སྐོར་སོགས་བཀའ་འདྲི་གནང་བ་རེད། མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཁང་པའི་གྲུབ་ཆ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་ཕྱིན་པ་སོགས་གཟིགས་སྐབས། ཡན་ཅིན་ཧའེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས། ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཡིན་པས། ཁྱེད་ཚོས་བཀའ་དྲིན་ཚོར་བ་དང་གཅེས་སྤྲས་ལྷག་པར་བྱས་ཏེ་ཏང་གི་སྲིད་ཇུས་བཟང་པོའི་མཛུབ་ཁྲིད་འོག ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཞིག་སྐྱེལ་ཐུབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རིང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
དེ་རྗེས། ཡན་ཅིན་ཧའེ་སྨོན་གྲོང་སྒང་སྡེ་ཁུལ་དུ་ཡོད་པའི“བོད་ཀྱི་ཞིང་ཁ་དང་པོར”ཕེབས་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སོ་ནམ་དུས་ཚོད་ལ་དམ་འཛིན་དང་རྨོ་འདེབས་ཚན་རིག་དང་མཐུན་པ་བྱས་ཏེ། འབྲུ་རིགས་ཐོན་འབབ་བརྟན་པོ་དང་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་འགན་ལེན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གསོན་ཤུགས་སྦྱིན་དགོས།
བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ཐོག མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས་ཏེ། རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། དངོས་འཛིན་དངོས་སྒྲུབ་དང་སྔོན་གཏོད་ལེགས་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་རིང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།