དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-23

    འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འགན་སྲུང་བརྟན་པོ་བྱེད་དགོས།

    ཟླ་3ཚེས་19དང་ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ལྷ་སར་འཚོགས་པ་རེད།

    ཚོགས་འདུ་མ་འཚོགས་གོང་། ཚང་མས《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》སོགས་ཀྱི་ནང་དོན་ལ་གཞིགས་ནས་རང་སྦྱོང་ཏན་ཏན་ཏིག་ཏིག་བྱས་ཤིང་། དཔེ་ཀློག་འཛིན་གྲྭའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། སློབ་སྦྱོང་བྱས་པ་བརྒྱུད། ཚང་མས་རིགས་པའི་གཞུང་ལུགས་སློབ་སྦྱོང་སེམས་ལ་གཏིང་ཟབ་ཟུག་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། རང་ངོས་ཞིབ་ལྟ་གཏིང་ཟབ་དང་མཐར་ཕྱིན་ཐུབ་པ། སྦྱོང་སྤྱོད་ཟུང་འབྲེལ་དམ་ཟབ་བཅས་བྱུང་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་ཐེབས་པ། ལག་ལེན་བྱ་ཐབས་གསལ་དུ་ཕྱིན་པ། འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སེམས་སྐྱེད་གཞི་བརྟན་དང་། སེམས་ཤུགས་གཅིག་སྒྲིལ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྔོན་དཔག་དམིགས་ཚད་གྲུབ་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོར་སྲིད་དོན་ལས་རྗེས་ཁོང་དུ་ཡང་དག་ཆུད་པ་དང་གདེང་འཇོག་བྱེད་པར་རྩ་བའི་གཞི་འཛིན་ས་དང་ཚན་རིག་དང་མཐུན་པའི་ཚད་གཞི་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་བློ་ལ་འཆང་བཞིན་ཇི་མ་ཇི་བཞིན་སློབ་སྦྱོང་དང་། གནད་དོན་ལ་བསམ་བློ་གཏོང་བཞིན་ཞིབ་བསྡུར་ཞིབ་ལྟ་བྱས་ནས་སློབ་སྦྱོང་། བསམ་གཞིག་བྱེད་བཞིན་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ནས་མཚོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་ལ་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་དང་། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། ཏང་དང་མི་དམངས་ཀྱི་ཆེད་དུ་སེམས་ནུས་ཡོད་རྒུས་ལས་སྒྲུབ་ལས་གཏོད་བྱེད་པ། མི་སེར་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ག་ཚོད་བསྒྲུབས་ཡོད་མེད་དེ་སྲིད་དོན་ལས་རྗེས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ། ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་ལོ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་དངོས་ཡོད་གྲུབ་འབྲས་ཧུར་ཐག་གཏོད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཧུར་ཐག་འཇོག་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་ནོར་འཛོལ་ཡོ་བཅོས་ཧུར་ཐག་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཏན་ཏིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། དཔྱད་ཞིབ་མ་ལག་ལེགས་སུ་གཏོང་བ། དངོས་སྒྲུབ་ཀྱི་སྟོན་ཕྱོགས་འཛུགས་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བཅས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གོང་དཔེ་འོག་སྟོན་དང་སྣེ་ཁྲིད་དཔེ་སྟོན་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཏང་གི་དར་ཆས་དར་ཆ་དང་། ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས། ཏང་གི་སྙིང་སྟོབས་ཀྱིས་སྙིང་སྟོབས་བཅས་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་སྣེ་ཁྲིད་དགོས། དབང་ཆ་དྲང་གཞག་ངང་སྤྱོད་པར་ཤུགས་སྣོན་རྒྱག་པ་དང་དབང་ཆའི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས་དབང་ཆར་གུས་སྐྲག་བྱེད་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། དྲང་པོའི་མི་བྱེད་པ་དང་བདེན་པའི་ལས་སྒྲུབ་དགོས། བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་འགྲོ་འོང་གི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས་འབྲེལ་ཚོམས་དང་། འཚོ་བའི་ཁོར་ཡུག གྲོགས་ཚོགས་བཅས་རང་རྟོགས་ངང་གཙང་བཅོས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་སྒྲིག་རྒྱལ་ཁྲིམས་ལ་བརྟེན་ནས་གཏམ་སྤྱོད་ལ་གཅུན་སྡོམ་བྱས་ཏེ། སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། བྱ་སྤྱོད་ལ་ཚོད་འཛིན་ཡོད་པ་བཅས་བྱེད་དགོས། ཀུན་སྤྱོད་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ་དང་འཚོ་བའི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་གཅེས་རང་དཔྱོད་དང་རང་གཟབ་ཆུང་ཟོན་བྱས་ཏེ། བློ་སྦྱོང་ཧུར་ཐག་དང་རང་གཅུན་ནན་པོ་དངོས་འབྲེལ་ཐུབ་པར་བྱེད་དགོས། སྤྱོད་གཙང་ཁྱིམ་སྲོལ་སྐྱོང་བ་དང་གཉེན་ཉེའི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས་སྤྱོད་གཙང་ཁྱིམ་སྐྱོང་དང་། ཁྱིམ་སྐྱོང་ནན་པོ། སྒྲིག་སྲོལ་ལ་བརྟེན་ནས་ཁྱིམ་སྐྱོང་བཅས་བྱེད་པར་སྣེ་ཁྲིད་དང་། གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་པར་དོ་དམ་ནན་པོ་དང་སློབ་གསོ་ནན་པོ་བཏང་སྟེ། སྤྱོད་གཙང་ཁྱིམ་སྲོལ་ལ་བརྟེན་ནས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།