ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཚེས་19ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པ་དང་གྲུ་གཡོར་བསྒྲེངས་ནས་མདུན་སྐྱོད་བྱེད་པའི་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དང་ཏག་ཏག་འཁེལ་བས། སྔ་མཐུད་ཕྱི་སྤེལ་དང་། སྔ་འཛིན་ཕྱི་གཏོད། ཁ་ཕྱོགས་གཏན་འཁེལ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་ནང་དོན་གཏིང་ཟབ་ཅིང་། ང་ཚོར་ལས་དོན་ཁག་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་སྙིང་། ཁྲིམས་སྐྱོང་གི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མི་དམངས་འཐུས་ཚོགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བརྟན་ལྷིང་གི་དོན་ཆེན་དེར་དམིགས་ནས“ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན”གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱེད་པ་དང་། འཕེལ་རྒྱས་ཀྱི་དོན་ཆེན་དེར་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཁ་གསལ་བཟོས་པའི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ཐོན་ཁུངས་ཀྱི་ཕན་ནུས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ། མི་དམངས་འཐུས་ཚོགས་ལས་དོན་གྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་སྐྲུན་པར་རམ་འདེགས་བྱེད་པའི་འཇུག་གཞི་ཡང་དག་འཚོལ་བ་བཅས་བྱེད་པ། སྐྱེ་ཁམས་ཀྱི་དོན་ཆེན་དེར་དམིགས་ནས“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན”གྱི་འཐབ་ཇུས་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་བོད་ཀྱི་རྩི་ཤིང་དང་སྲོག་ཆགས་རེ་རེ་དང་རི་ཆུ་ཀླུང་གསུམ་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་པ། མཐའ་སྟོབས་ཀྱི་དོན་ཆེན་ལ་དམིགས་ནས“མཐའ་སྟོབས་མཐའ་བརྟན”གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་ལེན་གཏིང་ཟབ་བྱས་ཏེ། དམག་སྡོད་དམངས་བདེ་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས། མཐའ་སྟོབས་མཐའ་བརྟན་དང་མཐའ་སྲུང་ལས་དོན་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྒྲུབ་པའི་འགན་ལེན་བཅས་བྱེད་དགོས། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚད་གཞི་མཐོ་པོས་འཛུགས་པ་དང་ཤུགས་ཚད་ཆེན་པོས་གོམ་པ་སྤོ་བར་རམ་འདེགས་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་ཡག་པོ་སྤེལ་ནས་གནད་དོན་ཁག་གཅིག་བཤེར་འདོན་ཏན་ཏིག་བྱེད་པ་དང་། ཞན་ཆ་གསལ་པོར་འདོན་པ། གསལ་ཐོ་ཁག་གཅིག་ཏན་ཏིག་བཟོ་བ། དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ། ལམ་ལུགས་ཁག་གཅིག་ཏན་ཏིག་འཛུགས་པ་དང་ཚད་གཞི་ཞིབ་ཕྲ་བཟོ་བ། དོན་དངོས་ཁག་གཅིག་ཏན་ཏིག་སྒྲུབ་པ་དང་དམངས་འདོད་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།