བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།
འབྲེལ་ཡོད་སྙན་སྒྲོན་དང་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ།
ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཞུགས་པ། ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ།

ཟླ་3ཚེས་11ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་3ཚེས་11ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་གྲོས་ཞིབ་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས་བཅས་ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།
བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གྲོས་ཞིབ་གནང་རིང་འཐུས་མི་ཝང་ཝུའེ་ཏུང་དང་། ལྷག་ཆུང་། བཀྲ་ཤིས་རྒྱལ་མཚན། འཆི་བདེ། ཚེ་རིང་མཚོ་མོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། འཐུས་མི་ཚོས། སྙན་སྒྲོན་གསུམ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་མ་ཟད། གནད་འགག་ཆེ་བའི་བྱ་བ་ནས་མཐོ་ཚད་མངོན་པ་དང་། བྱ་བ་ཆེན་པོ་ནས་ཤུགས་ཚད་མངོན་པ། བྱ་བ་ཆུང་ངུ་ནས་དྲོ་སྐྱིད་མངོན་པ་བཅས་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ནུས་ལྡན་མངོན་ཡོད། དེ་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་སེམས་ཆེ་བ་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་གནང་བ་མ་ཟད། སྙན་སྒྲོན་ལའང་རྦད་དེ་མོས་མཐུན་ཡོད། སླད་ཕྱིན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱེད་པ། ཡིད་ཆེས་བརྟན་པོ་དང་ལས་སྒྲུབ་གཙོ་བོར་འཇོག་པ་བཅས་བྱས་ཏེ། འགན་སྒྲུབ་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཚང་མས་ད་དུང་གཞི་རིམ་གྱི་ཁྲིམས་དཔོན་ཤེས་ལྡན་པ་གསོ་སྐྱོང་དང་གཞི་རིམ་ཁྲིམས་ཁང་གི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་བདག་སྐྱོང་དབང་ཆ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་ཡོངས་བསྒྲགས་བྱེད་ཟབ་ཏུ་གཏོང་བ། གྱོད་དཔེ་དྲངས་ནས་ཁྲིམས་ལུགས་གསལ་འགྲེལ་བྱེད་སྟངས་གསར་གཏོད་བྱེད་པ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།