བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཏམ་བཤད་གནང་བ། ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ།

ཟླ་3ཚེས་10ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
●“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་གནང་བ།
ཟླ་3ཚེས་10ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་འཚོགས་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་བཅས་ལ་གྲོས་ཞིབ་གནང་བ་རེད།
བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་གཏམ་བཤད་གནང་བ། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་གྱི་པུའུ་རིམ་པ་གཞོན་པའི་ཆེད་བསྐོས་ཨུ་ཡོན་ལིའུ་ཀུའེ་ཞང་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་ཡོད། སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཆེད་ཁྲིམས་འཛིན་པའི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་མོ། གཞུང་དྲང་བདེན་སྐྱོང་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་སྙིང་སྟོབས། དམངས་ཆེད་ཁྲིམས་འཛིན་གྱི་བརྩེ་སེམས་ཟབ་མོ་བཅས་མངོན་པས། དེ་ནི་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྲིམས་འཛིན་གྱི་འགན་ཁུར་གང་ལེགས་མངོན་པ། དམངས་ཆེད་བརྩེ་བ་ཟབ་མོ་འཆང་བ། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་སྙན་སྒྲོན་ཞིག་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ཀྱི་ཁྲིམས་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་གནད་སྨིན་དངོས་སྒྲུབ་ཀྱི་ལས་སྒོའི་རོགས་སྐྱོར་བརྒྱུད། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་སྒྲུབ་ནུས་པ་ཆེ་རུ་དང་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཞིག་ཡིན། རང་སྐྱོང་ལྗོངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན་བྱེད་པ། སྤྱི་ཚོགས་དྲང་གཞག་བདེན་སྐྱོང་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བཅས་ཀྱི་འགན་འཁྲི་ནན་ཏན་ཁུར་ཏེ། ལས་དོན་ཁག་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔར་རྒྱུན་བཞིན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཁྲིམས་ལྟར་རང་ཚུགས་ཀྱི་འགན་དབང་སྤྱོད་པ་དང་འགན་འཁྲི་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།
གྲོས་ཞིབ་གནང་རིང་། འཐུས་མི་ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། དཔའ་དར། ཝང་ཆང་། ཝང་ཧྥང་ཧུང་། ཉི་སྒྲོན། བཀྲ་ཤིས་ཉི་མ། པད་མ་མཚོ། ལིན་རུའེ། ཝང་ཧུང་ཞང་། ཝང་ཡུང་ཞང་། བསོད་ནམས་བསྟན་འཛིན། ལུའོ་ཆིང་ཝུའུ། སྐལ་བཟང་སྒྲོལ་མ། ལྷག་ཆུང་། ཉི་མ་བཅས་དང་ཚེ་བརྟན་གྱིས་གཏམ་བཤད་གནང་བ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་དངོས་ལ་བརྟེན་ནས་སྐད་ཆ་ཤོད་པ་དང་། གྲངས་གཞིའི་ཐོག་ནས་འདེགས་སྐྱོར་བྱེད་པ། གྱོད་དཔེར་བརྟེན་ནས་འགྲེལ་བཤད་རྒྱག་པ་བཅས་ལ་སྣང་ཆེན་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་བ། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱེད་པ། དུས་རབས་གསར་པའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་མངོན་པ་བཅས་བྱས་པས། དེ་ནི་ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱས་པ་དང་། ཁྲིམས་སྐྱོང་གི་དད་སེམས་བརྟན་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་མངོན་པ་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་པ་ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་བ་མ་ཟད། ཡོངས་སུ་མོས་མཐུན་ཡང་གནང་ཡོད། ཚང་མས་ད་དུང་ས་ཁོངས་སྒྲོལ་བའི་ལག་བསྟར་མཉམ་ལས་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་། “མི་ཐབས་རིག་ནུས+”ཀྱི་ལས་རྣམ་གསར་པའི་རྒྱང་ལྟའི་རང་བཞིན་དང་ཁྲིམས་འཛིན་གྱི་ཁ་གཏད་འཇལ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་ལ་བརྟེན་ནས་རིག་གནས་ཀྱི་རྩ་རྒྱུན་སྲུང་སྐྱོང་བྱེད་པ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།