ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་སྲིད་གཙང་ལས་དོན་སྤེལ་ཐེངས་བཞི་པ་དང“སྒྲིག་སྲོལ་ནན་པོར་བརྟེན་ནས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང”གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་སྲིད་གཙང་ལས་དོན་སྤེལ་ཐེངས་བཞི་པ་དང“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་སྒྲིག་ལམ་ནན་པོར་བརྟེན་ནས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང”གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་བཏང་ནས་དམངས་ཆེད་དང་། དངོས་སྒྲུབ། སྤྱོད་གཙང་བཅས་ཀྱི་ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཚུགས་གནས་མཐོ་རུ་གཏོང་བ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ“དོན་ཆེན་བཞི”རྒྱུན་མཐུད་གཏིང་ཟབ་ངང་དམ་འཛིན་ཡག་པོ་བྱེད་པའི་ཐད་འགན་འཁྲི་ལྕི་པོ་འཁུར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཐོན་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཏན་ཏིག་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པའི་ཐད་ནུས་ཤུགས་ཡོད་རྒུ་འདོན་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་མི་སེམས་གཅིག་སྒྲིལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཡག་པོ་ཞིག་མཐའ་གཅིག་ཏུ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ། ལྷག་བསམ་རྣམ་དག་གི་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བཅས་བྱས་ཏེ་དམངས་ཀྱི་རེ་འབོད་དང་དམངས་ཀྱི་དགོས་མཁོ་སྲིད་གཞུང་གིས་སྒྲུབ་ཐུབ་པར་བྱེད་དགོས། འཕྲལ་སྒྲུབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བཀའ་འབྱོར་འཕྲལ་སྒྲུབ་བྱེད་པ་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བར་བྱེད་པ། ནར་འགྱངས་མི་བྱེད་པར་ཁ་བཤད་ལག་བསྟར་བཅས་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་སྒྲུབ་དགོས་རིགས་ངེས་པར་དུ་སྒྲུབ་པ་དང་། སྒྲུབ་ཐུབ་རིགས་ཧུར་ཐག་སྒྲུབ་པ། སྒྲུབ་མི་རུང་བའི་རིགས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱེད་དགོས། འཐུས་སྒོ་ཚང་ལ་ནུས་ལྡན་གྱི་ལམ་སྲོལ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཀྱི་ཡོ་ཁྱད་ལྟ་བ་ཡོ་བསྲང་བྱས་ཏེ་དྲང་ཕྱོགས་ནས་ཁྲིད་སྟོན་དང་ལྡོག་ཕྱོགས་གཅུན་སྡོམ་བྱས་ནས་རྩ་ལག་ཟུང་བཅོས་དང་གཞི་སྒྱུར་རྩ་སྒྱུར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང“གནས་གཅིག་འགན་གཉིས”དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་བཞིན་ཐབས་ཇུས་བཅས་ཀྱི་འགག་སྒོ་གལ་ཆེན་ནན་པོ་སྲུང་བ། རུལ་འགོག་དང་སྤྱོད་གཙང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་རླུང་ཙི་དམ་དུ་གཏོང་བ། རང་འགན་གཙང་སྒྲུབ་དང་ལས་དོན་སྒྲུབ་མཁས་པའི་སྤྱོད་གཙང་སྲིད་གཞུང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པ། དཔལ་འབྱོར་དོན་གཉེར་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་ཚིགས་དང་པོ་འགོ་ཡག་པོ་འཛུགས་ཐུབ་པ་དང་ལོ་ཧྲིལ་པོར་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།