དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་དུས་ཆེན་རིང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-20

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་། ཏང་དམངས་ཞབས་ཞུའི་ས་ཚིགས། མཐའ་མཚམས་མངགས་གཏོང་ཁང་བཅས་སུ་ཕེབས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་འཕེལ་རིམ་ལ་གཟིགས་ཞིབ་དང་འཐབ་ས་དང་པོའི་འཛུགས་སྐྲུན་པར་བྱམས་བརྩེའི་འཚམས་འདྲི་གནང་བཞིན་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་། ཏང་དམངས་ཞབས་ཞུའི་ས་ཚིགས། མཐའ་མཚམས་མངགས་གཏོང་ཁང་བཅས་སུ་ཕེབས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་དུ་མི་དམངས་ཉེན་རྟོག་པའི་ཕྲུ་གུར་ཤོག་ཆག་གནང་བཞིན་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུཌ་སྐྲུན་བྱ་ཡུལ་དང་། ཏང་དམངས་ཞབས་ཞུའི་ས་ཚིགས། མཐའ་མཚམས་མངགས་གཏོང་ཁང་བཅས་སུ་ཕེབས་ཏེ། འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་། ས་གནས་ས་ཐོག་ཏུ་ལས་རེས་དང་ལས་གནས་བརྟན་སྲུང་ལས་ཀར་བཀོད་གཏོང་གནང་བ་མ་ཟད། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་ལས་བྱེད་ལས་བཟོར་ལོ་གསར་གྱི་སྨོན་འདུན་བཟང་པོ་དང་དཔྱིད་གསར་དུས་ཆེན་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་དུ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་། བརྙན་ལམ་བརྒྱུད་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་སྙན་སེང་གསན་པ་མ་ཟད། ས་གནས་ས་ཐོག་ཏུ་ལས་རེས་དང་ལས་གནས་བརྟན་སྲུང་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་བཀོལ་སྤྱོད་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་གཞི་རིམ་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གི་གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་ལ་སྐུལ་འདེད་གཏོང་བ། ཉེན་ཁ་སྔོན་དཔག་ཐུབ་པ་དང་། སྔོན་བརྡ་གཏོང་བ། སྔོན་འགོག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་དེ་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད། མངགས་གཏོང་ཁང་དུ་ལོ་གསར་གྱི་ཆ་ཡིག་མང་པོ་བཀལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་དམངས་ཉེན་རྟོག་པའི་ནང་མིས་ལོ་གསར་གྱི་ཞལ་ལག་རྒྱས་པོ་གྲ་སྒྲིག་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། མི་དམངས་ཉེན་རྟོག་པའི་ནང་མིས་མི་དམངས་ཉེན་རྟོག་པའི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོང་གིས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ནང་མི་མཉམ་འཛོམས་དང་རྙིང་སྐྱེལ་གསར་བསུའི་དུས་ཆེན་གལ་ཆེན་ཞིག་རེད། དུས་ཆེན་རིང་ཚང་མས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ། སྒེར་སེམས་མེད་པར་དཀའ་སྤྱད་འབད་བརྩོན་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་ལས་སྤྱོད་ཚུལ་བཟང་པོ་དང་ལས་འགན་འཁུར་སེམས་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་སྨན་གླིང་གི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་ཏང་འཛུགས་སྐྱོང་གི་ཞབས་ཞུར་བརྟེན་ནས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཚུལ་གསན་ཞིང་། ཁོང་གིས། ས་ཚིགས་ཆུང་རུང་དོན་སྙིང་ཆེན་པོ་ལྡན་ཡོད། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་ཆབས་ཅིག མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་པའི་རྨང་གཞི་ཡིན་པས། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པས་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ཞབས་འདེགས་ཡག་པོ་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ། གཞི་རིམ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་འགྱུར་ལྡོག་གཏོང་བ། ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་རོགས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་ཨུད་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་ད་དུང་ས་གནས་ས་ཐོག་ཏུ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འཐབ་ས་དང་པོའི་འཛུགས་སྐྲུན་པར་བྱམས་བརྩེའི་འཚམས་འདྲིའང་གནང་བ་རེད། “ཁྱེད་ཚོས་དཔྱིད་གསར་དུས་ཆེན་རིང་ནང་མི་མཉམ་འཛོམས་བྱེད་པའི་དུས་ཚོད་ཡག་པོ་བློས་བཏང་ནས་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཡོད། ཁྱེད་ཚོ་སྐུ་ལས་ཁག་སོང”ཝང་ཅུན་ཀྲེང་གིས་ཨར་པོ་བའི་ལས་ཀ་དང་འཚོ་བ་དང་དུས་ཆེན་རིང་གི་ལས་རེས་ཀྱི་སྐོར་བཀའ་འདྲི་གནང་ཞིང་། ཚང་མས་ལས་གནས་བརྟན་སྲུང་དང་ཨར་ལས་དུས་བཀག་དམ་འཛིན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཁེ་ལས་ཀྱི་འགན་འཁུར་བར་ལས་མིར་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་དང་ཐོན་སྐྱེད་སྤྱི་འདོམས་ལུགས་མཐུན། དྲོད་སྲུང་དང་བདེ་འཇགས་བྱེད་ཐབས་ཡག་པོ་བཟོ་བ། ལས་སྡོད་ལས་བཟོའི་ལས་ཀ་དང་འཚོ་བ་བཀོད་སྒྲིག་འོས་འཚམ་བཅས་བྱས་ནས་ཚང་མར་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཚོར་བར་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། གཏེར་རི་དང་། ཉེན་ཆེའི་དངོས་རྫས། ཤོག་སྦག་ལ་སོགས་པའི་གལ་ཆེའི་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ། དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དམ་འཛིན་ཏན་ཏིག གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཉེན་ཁའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། དཔྱིད་གསར་དུས་ཆེན་རིང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་བྱས་ནས། མི་དམངས་མང་ཚོགས་ལ་དུས་བདེ་དང་། སྤྲོ་སྣང་། ཞི་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུ་ཡོང་བར་བྱེད་དགོས། གོམ་པ་བརྟན་པོས་ཕྱིས་འབྱུང་གི་འཕེལ་རྒྱས་གཏན་འཁེལ་བྱེད་པ་དང་འགོ་འཛུགས་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད། དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་འབྱུང་འགྱུར་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི”འདུ་ཤེས་འཛིན་པ། “འགོ་བཙུགས་པ་ནི་རྒྱལ་ཕམ་གྱི་དམག་འཐབ་ཡིན་པ་དང་གོམ་སྟབས་དང་པོ་སྤོ་བ་ནི་མཐའ་མའི་གདོང་མཆོང་ཡིན་པའི”རྣམ་འགྱུར་བཅངས་ནས་བྱེད་མཁས་པོ་དང་བྱེད་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གཏིང་ཤུགས་སྣོན་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱས་ཏེ་བདེ་འཇགས་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ཨར་ལས་འཛུགས་སྐྲུན་འགན་ལེན་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཕྱིར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།