ཝང་ཅུན་ཀྲེང་གིས་གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་འཚམས་འདྲི་གནང་བ།
ལིའུ་ཅང་ཚོགས་འདུར་ཞུགས་པ།

ཟླ་2ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། མེ་ཟོན་བཀོད་འཐབ་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ཤིང་། འདི་ནི་མིང་ཀྲུའུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་གཞི་རིམ་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་བ་མ་ཟད་འབྲེལ་ཡོད་ལས་དོན་མཁྱེན་རྟོགས་གནང་བཞིན་པ།
ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་དང་མང་ཚོགས་སྤྲོ་སྣང་ལྡན་པའི་ངང་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཟླ་2ཚེས་12ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། མེ་ཟོན་བཀོད་འཐབ་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་རྒྱུན་སྲིང་ལྷོད་མེད་ངང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་། རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས། རང་འགན་གཙང་སྒྲུབ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
“དུས་ཆེན་གཉིས”འཆར་ཉེར་ཡོད་པས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་མངགས་གཏོང་ཁང་དང་མིང་ཀྲུའུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་གཞི་རིམ་མངགས་གཏོང་ཁང་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་འཁོར་སྐྱོད་གནས་ཚུལ་དང་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། གཞི་རིམ་གྱི་འཐབ་ས་དང་པོའི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་དང་། འགན་འཁྲི་འཁུར་ཕོད་པ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་བཅས་བྱས་ནས། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་ཡོད། ཚང་མར་སྔ་སྣུར་དུ་ལོ་གསར་ལ་བདེ་སྐྱིད་ཁམས་བཟང་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས། དུས་ཆེན་རིང་དེ་བས་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་རེས་ལས་སྒྲུབ་དང་ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་སྤེལ་བའི་མྱུར་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བདེ་འཇགས་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གཙུག་ལག་ཁང་གི་ཤིང་རར་དགོན་སྡོད་ལས་བྱེད་པ་དང་། གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ་བཅས་གྲལ་སྟར་འགྲིག་ནས་ཡོད་ཅིང་། ཝང་ཅུན་ཀྲེང་གིས་དགོན་སྡོད་ལས་དོན་དང་མེ་ཟོན་བདེ་འཇགས་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཚད་ལྡན་ཅན་དང་། ཞིབ་ཚགས་ཅན། ལམ་ལུགས་ཅན་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་དགོན་སྡེའི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག་རིག་ལྡན་མེ་ཟོན་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ། རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་གཏོང་གནང་བ་དང་སྙན་སེང་ནན་ཏན་གསན་པ་དང་འབྲེལ། བློ་མཐུན་ཚོ་དང་བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད། ཚང་མ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་རང་འཁྲིའི་ལས་གནས་ཐོག་རང་འགན་གཙང་སྒྲུབ་བྱེད་པ་གཟིགས་སྐབས་ཝང་ཅུན་ཀྲེང་གིས་ཁས་ལེན་གང་ལེགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དམ་པོར་འཛིན་པ་དང་། ཚན་རིག་དང་མཐུན་པའི་ངང་དུས་བབ་ཁོང་དུ་ཆུད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ། ལས་དོན་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་ཚུལ། སྟེས་དབང་གི་སེམས་ཁམས། སྣང་མེད་ཀྱི་བསམ་ཚུལ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་དེ་བཞིན་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་གཏན་ངང་སྒྲུབ་པ་དང་། རྟག་ཏུ་སྒྲུབ་ཐུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས།
ཆབ་སྲིད་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”རྒྱུན་མཐུད་ངང་སྤེལ་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། རིག་ལྡན་མཐའ་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བཀོད་འདོམས་བཀོད་གཏོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། “དྲ་བ་གཅིག་དང་ལས་སྟེགས་གཅིག”འཛུགས་གཏོད་དང་བེད་སྤྱོད་ཡག་པོ་བྱེད་པ། དངོས་འཐབ་ཅན་གྱི་ནང་སྦྱོང་དང་སྐབས་བསྟུན་རང་བཞིན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་ཡག་པོ་འདོན་པ། སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པ་དང་འཐབ་ས་དང་པོར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་ཁྲིམས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། དྲང་གཞག་དང་ཚུལ་མཐུན་གྱི་ཁྲིམས་སྒྱུར་ཚད་ལྡན་དུ་ནན་པོ་གཏོང་བ། ཁྲིམས་མཐུན་ལ་སྲུང་སྐྱོང་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། བྱ་བ་སྒྲུབ་པར་ཁྲིམས་ལ་གཞི་འཛིན་པ། གནས་ཚུལ་འཕྲད་ཚེ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། སྤྱི་པའི་བདེ་འཇགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རིགས་ཁག་གི་རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་མ་ལག་དང་རིགས་ཁག་གི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཐག་གཅོད་ཀྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་ནུས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མགྱོགས་མྱུར་དང་ལེན་དང་། ནུས་ཆེའི་ཐག་གཅོད། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ་བཅས་ལ་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བརྟན་ལྷིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཏན་ཏིག་ཁུར་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སེམས་ནང་བརྟན་པོར་འཇོག་པ་དང་ལག་ཏུ་དམ་པོར་འཛིན་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་སྡེ་ཚན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། གཞོགས་འདེགས་དམ་ཟབ་དང་མཉམ་ལས་མཉམ་འཐབ་བྱས་ནས་གོང་འོག་མཉམ་འགུལ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ཕྱོགས་གཅིག་ལ་ཤུགས་རྒྱག་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ལིའུ་ཅང་དང་། ཤའོ་ཡིའུ་ཚའེ། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། རྒྱལ་མཚན། ཀྲུའུ་ཧྲོའུ་ཁོ། མོང་ཞའོ་ལིན། ཤཱ་ཁེ་ཆིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།