དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིཌ་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-12

    ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཆེད་དོན་སློབ་སྦྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་སྤྱི་མཱ་ཧུའེ་ཏེས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་ལ། དུས་རབས་གསར་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད། ང་ཚོས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་འགན་ལེན་བརྟན་པོ་བཅས་ཡིན་པར་གོ་བ་ཟབ་མོ་བླངས་ནས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་འགན་ནུས་ཚན་རིག་དང་མཐུན་པ་དང་། དབང་འགན་ཁྲིམས་བཀོད་ཡིན་པ། ཁྲིམས་འཛིན་དམ་ནན་ཡིན་པ། ཡོངས་བསྒྲགས་དྲང་གཞག རིག་ནུས་ཕན་ཆེ། སྤྱོད་གཙང་ཡིད་རྟོན། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་ཞུ་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དྲང་ཚུགས་ལག་བསྟར་གྱི་ཁྲིམས་སྐྱོང་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་མི་དམངས་ཀྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་མི་དམངས་གོང་དུ་བཀུར་བའི་ཁྲིམས་སྐྱོང་གི་དྲོད་ཚད་མངོན་པར་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལམ་ལུགས་ཀྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་རྩ་དོན་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་སྤྱོད་གཙང་གི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཁྲིམས་སྐྱོང་ཁོར་ཡུག་སྐྱོང་སྤེལ་བྱེད་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྱོང་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་རང་བཞིན་གྱི་དམ་འཛིན་བྱ་གཞི་དང་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ལ་བརྩིས་ནས་ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔེ་སྟོན་འཛུགས་གཏོད་ལ་སྣང་ཆེན་བྱེད་པ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། དཔྱད་ཞིབ་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།