དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ།

    ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-12

    ཟླ་2ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ཟླ་2ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ། རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    ལིའུ་ཅང་དང་། ཀུང་ཧུའེ་ཚའེ། ཧའོ་ཀོང་། ཧོང་ཧའེ། ཀན་ཝེ་ཧན། ཐའོ་ཤང་མིང་། རྒྱལ་མཚན། ཕུན་ཚོགས་བསྟན་འཛིན། མོང་ཞའོ་ལིན། ཁྲེན་དབྱི་ཕུང་། ལིའུ་ཀྲི་ཅུན་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་དཔོན་དམག་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ཁོང་ཚོར་ཟོལ་མེད་སྨོན་འདུན་ཞུས་པ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་སྡོད་པུའུ་ཞིག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་རུ་ཆེན་ཞིག་ཏུ། ཝང་ཅུན་ཀྲེང་གིས་དཔོན་དམག་དང་བྱམས་བརྩེའི་སྤེལ་རེས་གནང་ནས་དཔུང་སྡེ་འཛུགས་སྐྱོང་དང་སྦྱོང་བརྡར་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ཚང་མར་ཡང་འབད་བསྐྱར་འབད་དང་ལས་ཀ་ཧུར་ཐག་བྱས་ནས་ཡར་རྒྱས་གསར་པ་སྔར་ལས་ཆེ་བ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལ་སྔར་ནས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་ཡོད་པས་དམག་སྲིད་དམག་དམངས་ཀྱི་འབྲེལ་བ་བརྟན་པོ་ཡོད། དུས་ཡུན་རིང་པོའི་ནང་། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ། བཅའ་སྡོད་བྱ་ཡུལ་ཕ་ཡུལ་ལ་བརྩི་བ་དང་མང་ཚོགས་རྣམས་གཉེན་ཉེར་བརྩིས་ནས་ས་མཐོར་རྩ་བ་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་ཕུལ་ཏེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་། དུས་རབས་གསར་པའི་དམག་དམངས་ཀྱི་ཉ་ཆུའི་བརྩེ་བ་ཟབ་མོ་མངོན་པ་དང་། ཉེན་སེལ་རོགས་སྐྱོབ་བྱེད་པ། མཐའ་བརྟན་མཐའ་དར་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། ལྷག་པར་དུ་དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ཁྲོད་བཀའ་འབྱོར་འཕྲལ་སྒྲུབ་དང་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་ལས་འགན་ཁག་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྦྱོང་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། སྔོན་ཐོན་གྱི་འཐབ་འཛིང་ནུས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། “དོན་ཆེན་བཞིར”ཞབས་འདེགས་ཧུར་ཐག་ཞུ་བ། གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱེད་པ་དང་། དམག་བཀུར་ཁྱིམ་སྐྱོང་གི་ཞབས་ཞུ་འགན་ལེན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཚང་མའི“དམག་ཞབས་ཐིམ་རྗེས་ལས་ཀའི་སེམས་ཁྲལ་དང་། ནང་མིའི་སེམས་ཁྲལ། བུ་ཕྲུག་གི་སེམས་ཁྲལ”བཅས་བསལ་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་བློས་འགེལ་ཆོག་པའི་རྒྱབ་ཕྱོགས་ཤིག་བྱེད་དགོས།

    རྒྱ་ཆེའི་དཔོན་དམག་ཚོས། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་སྔར་བས་བརྟན་པོ་བྱས་ནས་མཐའ་བརྟན་བོད་བརྟན་གྱི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ་དང་། ལས་སྒྲུབ་ཀྱི་གྲ་སྒྲིག་ཕྱོགས་ཡོངས་ནས་ཡག་པོ་བྱེད་པ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དཔུང་སྡེ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ་བྱེད་པ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།