རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོཌ་འདུས་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་8ཉིན། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུའུ་ཧྲོའུ་ཁོ་ཚོགས་འདུར་ཞུགས་པ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་གི་གདེང་ཚོད་བརྟན་དུ་ཏན་ཏིག་གཏོང་དགོས། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་སེལ་དགོས། ཀྲུང་དབྱང་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“ཅན་ལྔ་དང་དོན་འཁྱོལ་བཞི”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཡིག་འབུལ་ཞུ་བཅར་ཁྲིམས་སྐྱོང་ཅན་གྱི་འགག་སྒྲོལ་འཆར་གཞི་ལག་ལེན་བསྟར་རྒྱུར་བཀོད་སྒྲིག་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། སྔོན་འགོག་ཁྲིམས་སྐྱོང་ཅན་ལ་དམ་པོར་དམིགས་པ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། སྔོན་འགོག་རང་བཞིན་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་ཇུས་འགོད་དང་ཁྲིམས་ལྟར་ལས་སྒྲུབ་མཐའ་འཁྱོངས་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་མདུན་ཕྱོགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་བཅས་བྱས་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་གཞི་རིམ་དུ་སེལ་བ་དང་གནས་ཚུལ་ཐོན་མ་ཐག་ལམ་སེང་ཐག་གཅོད་བྱེད་དགོས། བདག་སྤྲོད་ཁྲིམས་སྐྱོང་ཅན་ལ་དམིགས་པ་དང་ཁག་བགོས་སྒྲུབ་སྤྲོད་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕོ་མོ་དབྱེ་འབྱེད་དང་། དོ་དམ་ཁོངས་གཏོགས་ཁ་གསལ། ཁག་བགོས་སྒྲུབ་སྤྲོད་བཅས་ཐད་ཤུགས་སྣོན་བརྒྱབ་སྟེ་སྒྲུབ་སྤྲོད་སྒྲུབ་སྐུལ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། སྒྲུབ་གཉེར་ཁྲིམས་སྐྱོང་ཅན་ལ་དམིགས་པ་དང་ཁྲིམས་ལྟར་སྒྲུབ་པ་དང་སྒྲིག་སྲོལ་ལྟར་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་དང་མཐུན་སྦྱོར་མཉམ་སྒུལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བརྒྱུད་རིམ་གྱི་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། བསྐྱར་ཞིབ་དང་བསྐྱར་བཤེར་བྱེད་ཚད་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་ཁྲིམས་བཞིན་ཡིག་འབུལ་ཞུ་བཅར་གྱི་དོན་ཚན་སྒྲུབ་གཉེར་བྱ་རྒྱུ་རྒྱལ་ཡོངས་ཀྱི་ཆུ་ཚད་དུ་སླེབས་རྒྱུའི་འགན་ལེན་བྱེད་དགོས། ལྟ་སྐུལ་འགན་འདེད་ཀྱི་ཁྲིམས་སྐྱོང་ཅན་ལ་དམིགས་པ་དང་འགན་འཁྲིའི་འཁོར་འབྲེལ་དམ་དུ་གཏོང་བ་དང་། སྣ་མང་ཅན་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་གྱི་ཚད་གཞི་དང་བརྒྱུད་རིམ་ཁ་གསལ་བཟོ་བ་བཅས་བྱས་ཏེ། འགན་འཁྲི་བདའ་འདེད་བཏང་ནས་འགན་འཁྲི་དོན་འཁྱོལ་བྱེད་པར་ལྡོག་སྐུལ་བྱེད་དགོས། སྒྲིག་ལམ་སྲུང་སྐྱོང་གི་ཁྲིམས་སྐྱོང་ཅན་ལ་དམིགས་པ་དང་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་བཟང་པོ་འགན་ལེན་ཏན་ཏིག་བྱེད་པ་དང་། སྡེ་ཚན་དང་ལས་བྱེད་པའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཡིག་འབུལ་ཞུ་བཅར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་སྤྱི་པའི་བདེ་འཇགས་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་མི་བཟོ་བ་བྱེད་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།