དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

    —— སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-07

    (2026ལོའི་ཟླ་1ཚེས་30ཉིན) 

    མོང་ཞའོ་ལིན།

    ཨུ་ཡོན་རྣམ་པ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

    དང་པོ། 2025ལོར“ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་རྒྱུར་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་བྱས་པ།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། བོད་ལྗོངས་གོང་འཕེལ་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་སྦྲགས་གལ་ཆེའི་གསུང་བཤད་གནང་བ་དང་། གཞིས་ཀ་རྩེའི་དིང་རིའི་ས་ཡོམ་གྱི་གནས་ཚུལ་ལ་གལ་ཆེའི་མཛུབ་སྟོན་གནང་བ། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་ཡིག་ལན་གནང་བ་བཅས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་ཡིད་ཆེས་དང་གདེང་ཚོད་ཆེས་ཆེར་འཕེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཏན་ཏིག་བསྒྲུབས་པ། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོས་ཡོད།

    ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཐུགས་ཁུར་མཛུབ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་འོག རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གྲོས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས། ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་རང་འགན་གཙང་སྒྲུབ་མཐའ་འཁྱོངས་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས། གཞུང་འཁྱོངས་གསར་འབྱེད་དང་། མཐུན་སྒྲིལ་ཡར་བརྩོན། ཏང་གི་འགོ་ཁྲིད་ཞུམ་མེད་ནུས་ལྡན། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མུ་མཐུད་ཟབ་སྤེལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏན་ཏིག གྲོས་མོལ་སྲིད་གླེང་ནུས་ཆེ་གནད་སྨིན་བཅས་བྱས་པར་བརྟེན། ཇུས་འདོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་འགན་སྒྲུབ་ཀྱི་གྲུབ་འབྲས་ལེགས་པ་དང་། སྤུས་ཚད་མཐོ་བ། ལན་ཆ་ཡག་པ་བཅས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    (གཅིག) ཆབ་སྲིད་ལ་སྣང་ཆེན་དང་རིག་གཞུང་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། གོང་འོག་སྦྲེལ་མཐུད་ཡག་པོ་ཐུབ་པ་དང་ལག་བསྟར་ནུས་ལྡན་ཐུབ་པའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ལམ་སྲོལ་ཚགས་ཚུད་པོ་དང་དོན་ལ་འཁྱོལ་བ། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། “དོན་འཁྱོལ་བྱས་ནས་གོང་བུ་གཅིག་ཏུ་འགྲིལ་ཐུབ་པའི”ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་པ། 《བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》བཟོས་ནས་ལག་བསྟར་བྱས་པ། དོན་དག་གལ་ཆེན་རྣམས་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་ཞུ་172ཕུལ་བ་བཅས་ཀྱི་ཐོག་ནས་སྲིད་གྲོས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་དང་བསམ་མཐུན་ཕྱོགས་མཚུངས་དང་། གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱས་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ། “གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་བྱས་ནས《〈ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག〉སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་ཇུས་གཞི》དང་། 《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་ལས་དོན་ཇུས་གཞི》 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བཅས་སྐོང་འཚོགས་བྱས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་28བྱས་པ། སྲིད་གྲོས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། ལས་ཁུངས་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའུ་བཅས་ཀྱིས་གཅིག་སྡུད་ཞིབ་འཇུག་སློབ་སྦྱོང་ཐེངས་122བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསར་ཤོས་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པ་སོགས་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་སྒྲུབ་ནུས་པ་བཅས་ཀྱི་འཇོན་ནུས་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བར་འགན་འཁྲི་གཙང་སྒྲུབ་བྱེད་པའི་ལས་ཀའི་ལག་ལེན་དངོས་སུ་འགྱུར་ཐུབ་པ་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཇུས་གཞི་འདིང་བ། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྦྱོང་བཤེར་བཅོས་གསུམ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། སྒྱུར་བཅོས་ལ་ཕན་འབྲས་ཡོད་པ་བཅས་བྱས་ནས་སྔར་ལས་ལྷག་པའི་ངང་ཆབ་སྲིད་ཐད་བློ་དཀར་སེམས་དཀར་དང་། ལས་ཀའི་སྤྱོད་ཚུལ་ཞུན་བརྡར་ཐེབས་པ། འགན་སྒྲུབ་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱུང་ཡོད།

    (གཉིས) བདེན་གཏམ་ཤོད་པ་དང་ཇུས་བཟང་བཏོན་ནས་སྤུས་ཚད་མཐོ་བའི་གྲོས་མོལ་གྱིས“དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བའི་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ལག་བསྟར་ནན་ཏན་བྱས་ཏེ། རིགས་འདྲ་མིན་གྱི་གྲོས་མོལ་སྲིད་གླེང་བྱེད་སྒོ་ཐེངས་15སྤེལ་བ་དང་། ཆེད་དོན་བརྟག་ཞིབ་དང་། དམངས་གཙོའི་ལྟ་སྐུལ། ཨུ་ཡོན་གྱི་གཟིགས་ཞིབ་བཅས་ཐེངས་36བྱས་པ། སྙན་ཞུ་39ཕུལ་བ། ཚོགས་ཆེན་ཐོག་གཏམ་བཤད་123སྤེལ་བ། བསམ་འཆར་དང་གྲོས་འགོ་1700ལྷག་ཙམ་བཏོན་པ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱ་རྒྱུར་རོགས་རམ་བྱས་ཡོད། “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གཅུན་སྡོམ་ནན་པོ་དང་ཚོད་འཛིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ”དང་། “ཚན་རིག་དང་མཐུན་པའི་སྒོ་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་གཞི་བཟོ་འགོད་བྱ་རྒྱུར”དམིགས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་རྒྱུ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱ་རྒྱུ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ། འོད་ཤུགས་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས་ཡོད། ཁྱད་འཕགས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་དང“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ”སོགས་ཀྱི་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཐོག“ས་མཐོའི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི”མཉམ་འགུལ་གྲོས་མོལ་བྱས་པ་དང་། “དབྱར་དགུན་གུང་གསེང་རིང་དགེ་རྒན་གྱི་སྡོད་བྱའི་ལམ་ལུགས་མེད་པ་བཟོ་རྒྱུའི”གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱེད་པ། “རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན”དང་། “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ” “ཞིང་འབྲོག་པའི་སྡོད་ཁང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ”བཅས་ཀྱི་ཁ་གཏད་གྲོས་མོལ་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག(འཆར་ཟིན)》གི་ཁྲིམས་འཛུགས་གྲོས་མོལ་བྱས་པ། “རྫོང་ཁོངས་དཔལ་འབྱོར་གོང་འཕེལ”གྱི་གྲོས་མོལ་གླེང་སྟེགས་གཉེར་བ་དང་། བོད་ལྗོངས་སློབ་ཆེན་དང་མཉམ་འབྲེལ་ཐོག་མཐའ་མཚམས་སྟོབས་ཆེར་གཏོང་རྒྱུའི་ཆེད་དོན་བརྟག་ཞིབ་བྱས་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་རྒྱུར་ཆུ་ཚད་མཐོ་བའི་ཇུས་འབུལ་བྱས་ཡོད། “འགན་བབས་སློབ་གསོ་སྤུས་ལེགས་དང་དོ་མཉམ་འཕེལ་རྒྱས་གཏོང་རྒྱུ”དང་། “རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ཡག་པོ་བྱ་རྒྱུ” “རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ”སོགས་ལ་དམ་པོར་དམིགས་ནས་སྲིད་གླེང་ཇུས་འདོན་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ཡོད། “དིང་རིའི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན”དང་། “གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོབ” “རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད” “ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན” “《གྲོང་ཁྱེར་སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར(ཚོད་ལྟར་སྤྱོད་རྒྱུ)》དོན་འཁྱོལ”བཅས་ཀྱི་གནད་དོན་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱས་པ་དང་། “གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང”དང་། “མཐའ་མཚམས་འགག་སྒོའི་དཔལ་འབྱོར་གོང་འཕེལ” “ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན”བཅས་ལ་ཆེད་དོན་གཟིགས་ཞིབ་སྒྲིག་འཛུགས་བྱས་ཏེ། གནས་ཚུལ་ཇི་མ་ཇི་བཞིན་གོང་ཞུ་དང་དངོས་གཉེར་གྱི་གྲོས་འགོ་བཏོན་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

    (གསུམ) ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་ཀུན་སེམས་གཅིག་མཐུན་ཡོང་བ་བྱས་ཏེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་ཕྱིར”ཀུན་སེམས་གཅིག་སྒྲིལ་ཐུབ་པ་བྱས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཡོངས་ཁྱབ་ངོས་འཛིན་གཅིག་མཐུན་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “གངས་ལྗོངས་སེམས་མཐུན”གྱི་འགན་སྒྲུབ་གྲགས་རྟགས་ཧུར་ཐག་བཏོད་དེ་རིག་པ་ཕྱོགས་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་ཕྱོགས་གཅིག་ལ་འདོན་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཧུར་ཐག་བཏོད་ཡོད། “སྲིད་གྲོས་ཀྱི་གླེང་སྟེགས་ཐོག་བརྗོད་དོན་གཙོ་བོའི་འཆད་ཁྲིད”དང་། “སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག” “སྲིད་གྲོས་དཔེ་གཟིགས་ཁང་དང་། ཨུ་ཡོན་གྱི་ཁྱིམ་གཞིས”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཨུ་ཡོན་གྱིས་དཔེ་ཀློག་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་། ཆབ་སྲིད་གསོ་སྦྱོང་བཅས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་བཞུགས་མོལ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཐེངས་32བྱས་པ་དང་། སྲིད་གྲོས་གླེང་སྟེགས་ཐེངས་12དང་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཐེངས་10བྱས་པ། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་ཐེངས་6སྤེལ་བ་བཅས་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་ཐུན་མོང་ཡར་རྒྱས། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་སྔར་བས་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ཡོན་གྱིས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ་དང་། ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ། སྲིད་གྲོས་ལས་བྱེད་པས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ། ཨུ་ཡོན་གྱིས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ། ཨུ་ཡོན་གྱིས་རིགས་ཁག་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི“འབྲེལ་གཏུག་ལྔ”ཡི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་ཐེངས་1750ལྷག་ཙམ་ལ་བཅར་འདྲི་དང་འཚམས་འདྲི་ཞུས་པ་དང་སྙིང་གཏམ་ཤོད་རེས་བྱས་པ། ཡིད་ཆེས་བརྟན་པ་དང་། དམངས་སེམས་འགྲིལ་བ། མི་སེམས་དྲོ་བ། སེམས་མཐུན་གཏོད་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་དང་ལས་རིགས་ཁག་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་ཡོད། བློ་གཅིག་སེམས་གཅིག་གིས“གྲོགས་པོ་བསྒྲིགས”ནས་བོད་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་དང་། ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། མི་རིགས་ཁག་དང་ལས་རིགས་ཁག་གི་དབྱར་དུས་མཐུན་འབྲེལ་ཚོགས་འདུ་བཅས་འཚོགས་ཏེ“ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ནུས་ལ་མཉམ་དུ་རོལ་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ”དང“ངོས་འཛིན་གཅིག་མཐུན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་ཀུན་སེམས་གཅིག་ཏུ་སྒྲིལ་བའི་འགན་འཁྲི་ཡག་པོ་སྒྲུབ་པ”སོགས་ཨུ་ཡོན་གྱི་ཁྱིམ་གཞིས་ཀྱི་བྱེད་སྒོ་ཐེངས་7སྤེལ་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིས་ཏང་ཡོན་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཏང་ཕྱིའི་ཨུ་ཡོན་དང་གནས་ཚུལ་སྤེལ་རེས་དང་བསམ་བློ་བརྗེ་རེས་བྱས་ནས་མཐུན་འབྲེལ་གྲོགས་སྒྲིག་བྱེད་པའི་ཁྲོད་ངོས་འཛིན་གཅིག་མཐུན་ཡོང་ཚད་མཐོ་རུ་བཏང་བ་དང་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་བཏང་ཡོད། མིག་མཐོང་ལག་ཟིན་གྱི“གཏམ་རྒྱུད”ཤོད་པ་དང་། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཉིང་ཁྲི་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་གནང་བའི་ཡིག་ལན་གྱི་དགོངས་དོན་གལ་ཆེན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་རིང་ཐོབ་པའི་གལ་ཆེའི་གྲུབ་འབྲས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ཕྱི་ཕྱོགས་དང་སྤེལ་རེས་ཧུར་ཐག་བྱས་ཏེ་ཚོགས་པ་སྒྲིག་འཛུགས་ཀྱིས་པུ་རུ་ནེ་ལ་འཚམས་འདྲིར་བསྐྱོད་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ལྗོངས་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་སྤེལ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། “རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡག་པོ་སྤྱོད་རྒྱུ”དང་། “མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ” “‘ལས་གཞི་ཆེན་པོ་བཞི’དང‘བྱ་སྤྱོད་ཁག་དྲུག’ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ” “ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ” “མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ”སོགས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་རིགས་ཁོངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང“ཕན་ཐོགས་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། “‘འདུ་ཤེས་གསུམ’གྱི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུའི”ཨུ་ཡོན་གྱི་གཟིགས་ཞིབ་ལས་དོན་ནན་ཏན་སྤེལ་ནས་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་དྲིལ་བསྒྲགས་གཏིང་ཟབ་བྱས་ཐོག ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

    (བཞི) སྤུས་ཚད་མཐོར་གཏོང་དང་ཕན་འབྲས་དངོས་ཐོན་རྒྱུར་མཐོང་ཆེན་བྱས་ནས་རྒྱུན་ལྡན་རང་བཞིན་གྱི་ལས་དོན་གསར་གཏོད་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ། རྒྱུན་འཛིན་ཁྲོད་གོང་འཕེལ་གཏོང་བ་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ལས་སྟེགས་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་གྲོས་གཞི་དང་། ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག རིགས་གཞུང་ཞིབ་འཇུག གསར་འགྱུར་དྲིལ་བསྒྲགས་སོགས་རྒྱུན་གཏན་རང་བཞིན་གྱི་ལས་ཀའི་ཕན་འབྲས་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། “གྲོས་གཞིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”དང་། “གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན”ལ་དམིགས་ནས་མཉམ་འབྲེལ་བརྟག་ཞིབ་བྱས་ཏེ། ལོ་ཧྲིལ་པོར་གྲོས་གཞི་ཁག་476ལག་འབྱོར་བྱུང་བའི་ནང་། གྲོས་གཞི་ཁག་473གྲོས་ཁོངས་སུ་བཅུག་པ་དང་། གཙོ་གནད་གྲོས་གཞི་ཁག་37སྒྲུབ་སྐུལ་བྱས་པ། ལོ་འཁོར་གྱི་གྲོས་གཞི་ལེགས་པ་ཁག་33དཔྱད་འདེམས་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས་ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་ལས་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། གོང་ཞུ་བྱེད་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་151ཕུལ་བ་དང《རྒྱལ་དོན་དང་དམངས་དོན》དུས་ཐེངས་26བཏོན་ཡོད། མཐོང་ཐོས་མྱོང་གསུམ་འབུར་དུ་ཐོན་པ་དང་། “དམར་པོའི་དྲན་འཆར་1གྱི”ལོ་རྒྱུས་དཔྱད་གཞི་བསྡུ་རུབ་བྱས་པ། 《བོད་ལྗོངས་ཀྱི་དམར་པོའི་དྲན་འཆར་ཕྱོགས་བསྒྲིགས》རྩོམ་སྒྲིག་བྱས་པ། ལན་ཀྲུའུ་སློབ་ཆེན་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་རིག་གནས་ལོ་རྒྱུས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ཡོད། རིགས་གཞུང་ཞིབ་འཇུག་གཏིང་ཟབ་སྤེལ་ཏེ། “སྲིད་གྲོས་ཀྱི་རིགས་གཞུང་ཞིབ་འཇུག་ལས་ཀའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང”ལ་སྐུལ་འདེད་གཏོང་བའི་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དཔྱད་རྩོམ་ཕྱོགས་བསྒྲིགས་རྩོམ་སྒྲིག་བྱས་ཡོད། སྲིད་གྲོས་ཀྱི་དྲིལ་བསྒྲགས་འཐབ་ས་བེད་སྤྱོད་ཡག་པོ་བྱས་ནས། 《བོད་ལྗོངས་སྲིད་གྲོས》ཞེས་པའི་དུས་དེབ་4བཏོན་པ་དང་། 《བོད་ལྗོངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན》ཞེས་པའི་དུས་དེབ་ཐེངས་2བཏོན་པ། 《ཨུ་ཡོན་གྱི་གཏམ་རྒྱུད》ཅེས་པའི་དུས་དེབ་ཐེངས་4བཏོན་ནས་པར་འགྲེམས་བྱས་པ་དང་། 《བོད་ལྗོངས་སྲིད་གྲོས་ཀྱི་ལོ་རིམ་མེ་ལོང》དཔེ་སྐྲུན་བྱས་པ། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་སྲིད་གྲོས་ཀྱི་འགན་སྒྲུབ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ”འཚོགས་པ། ལྗོངས་ཕྱི་ནང་གི་སྨྱན་སྦྱོར་ཐོག་རྩོམ་ཡིག་300ལྷག་ཙམ་སྤེལ་བ། རང་སྐྱོང་ལྗོངས་སྲིད་གྲོས་དོན་གཅོད་ཐིང་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་གསར་འགྱུར་ལེགས་འདེམས་སྐབས་ཉེར་ལྔ་པའི་སྒྲིག་འཛུགས་བྱ་དགའ་ཐོབ་པ། 《གངས་ལྗོངས་སེམས་པ་གཅིག་ཏུ་མཐུན། ལག་གདང་སྦྲེལ་ནས་ཕུགས་འདུན་གཏོད》ཅེས་པར“འོད་སྟོང་འཕྲོ་བའི་ལོ་ངོ་60དང་། བསྔགས་བརྗོད་ཆེ་བའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་དཔྱད་གཏམ་འགྲན་བསྡུར་ཆེ་མོའི་བརྙན་ལམ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་བཅས་ཀྱིས་ཏང་གི་འབོད་སྐུལ་བརྒྱུད་སྤེལ་གཏིང་ཟབ་བྱས་པ་དང་། སྲིད་གྲོས་ཀྱི་འགན་སྒྲུབ་དྲིལ་བསྒྲགས་རྒྱ་ཆེར་བྱས་པ། ཨུ་ཡོན་གྱི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ། དྲང་ནུས་གཅིག་སྡུད་བྱུང་ཡོད།

    (ལྔ) རྨང་གཞི་བརྟན་གཏོང་དང་འཇོན་ཐང་ཆེར་སྐྱེད་ཀྱིས་རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། དཔུང་ཁག་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་པ་བཅས་ལ་བརྟེན་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་ཏེ། ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས་སྣེ་ཁྲིད་དེ“གཞི་རིམ་དུ་སླེབས་པ་བཞི”ལག་ལེན་བསྟར་བ་དང་། ས་གནས་དང་གྲོང་ཁྱེར། དེ་བཞིན་འབྲེལ་གཏུག་བྱེད་ཡུལ། གཙོ་གནད་དགོན་སྡེ། གཞི་རིམ་གྱི་འཐབ་ས་དང་པོ་བཅས་ལ་བསྐྱོད་དེ། བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་དང་། ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ། ཞིང་ལས་རོགས་སྐྱོར་དང་ཞིང་ལས་དར་རྒྱས་ཀྱི་འགན་འཁྲི་གཙང་ལེན། ནགས་དཔོན་ལམ་ལུགས་དོན་འཁྱོལ་སོགས་ཀྱི་ལས་དོན་ནན་ཏན་སྤེལ་ཡོད། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། “‘ཁྲི་སྟོང་ལས་གཞིའི’ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི”ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཨུ་ཡོན་མི་ཐེངས་1328ལ་གཟིགས་ཞིབ་རྟོག་ཞིབ་དང་སློབ་སྦྱོང་སྤེལ་རེས་བྱ་རྒྱུའི་སྒྲིག་འཛུགས་བྱས་པ། 《ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ་བྱེད་པོའི་ནུས་པ་འདོན་སྤེལ་གྱི་དཔྱད་ཞིབ་ནང་དོན་དང་གྲངས་བཅད་ཚད་གཞི》བཟོ་བཅོས་གཏན་འཁེལ་བྱས་པ། འགན་སྒྲུབ་ཀྱི་ཡིག་ཚགས་འཐུས་ཚང་དུ་བཏང་བ། འགན་སྒྲུབ་ལ་དཔྱད་ཞིབ་ནན་པོ་བྱས་པ། འགན་སྒྲུབ་ཀྱི་སྒུལ་ཤུགས་སྐུལ་སློང་ཡག་པོ་བྱས་པ་བཅས་ཀྱིས། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་དོན་གླེང་མཁས་པ། སྒྲིག་ཁྲིམས་སྲུང་ཐུབ་པ། སྒྲིག་ལམ་ལ་སྣང་ཆེན་བྱེད་པ། སྤྱོད་ལམ་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་ཨུ་ཡོན་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཡོད། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་བྱེད་པས“གཞུང་འཁྱོངས་གསར་འབྱེད་དང་བློ་སྒྲིལ་སེམས་སྐྱེད”ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། གོ་རིམ་ལྡན་པའི་ངང་ལས་ཁུངས་ཀྱི་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་དང་ལས་གནས་བརྗེ་རེས་བྱས་ནས། བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཞབས་ཞུ་དང་། མཐུན་སྦྱོར། དོན་འཁྱོལ་བཅས“འཇོན་ཐང་གསུམ”དོན་འཁྱོལ་བྱས་ཡོད། ལས་ཁུངས་ཀྱི་ཞབས་ཞུའི་འགན་ལེན་བྱེད་ནུས་ཆེ་རུ་བཏང་ནས། “གནད་དོན་གྱིས་ཕྱོགས་སྟོན་དང་། དགོས་མཁོས་སྣེ་ཁྲིད། བརྩེ་སེམས་ཀྱིས་འབྲེལ་ཐག གསར་གཏོད་ཀྱིས་སྒུལ་ཤུགས། ཞབས་ཞུས་འཁྲི་འགན། བློ་མོས་ཀྱིས་དམིགས་ཡུལ”བྱེད་པ་བཅས་ཀྱི་དཔེ་སྟོན་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “ཆེད་དོན་ཨུ་ཡོན་ལྷན་ཁང་གཅིག་ལ་གྲགས་རྟགས་གཅིག”གི་འགན་སྒྲུབ་ཀྱི་གྲགས་རྟགས་དང“ཀྲི་པུའུ་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་སྐྱོང་གྲགས་རྟགས་མངོན་ཆེར་བཏང་ནས། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། “སྟོབས་ཆེ་བཞི”ཡི་ཏང་ཀྲི་པུའུ། ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན་སྟེ“བཟང་པོ་བཞི་ལྡན”གྱི་ཏང་ཡོན་སོགས་ཀྱི་མཚན་སྙན་ཐོབ་ཡོད། ལས་ཀའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རིགས་ཁོངས་གྲོས་མོལ་ལས་ཀའི་སྒྲིག་སྲོལ》དང《སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར(ཚོད་ལྟར་སྤྱོད་རྒྱུ)》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་སྒྲུབ་དཔྱད་ཞིབ་བྱ་ཐབས(ཚོད་ལྟར་སྤྱོད་རྒྱུ)》བཟོས་ནས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་ནས། ཚོགས་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་སློབ་སྦྱོང་དང་། རྟོག་ཞིབ། སྤེལ་རེས་བཅས་ཐེངས་11བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྲིད་གྲོས་ལ་ཞབས་ཞུ་བསྒྲུབས་ནས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་ཐེངས་16བྱས་ཡོད། འབྲེལ་གཏུག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། “ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་སྲིད་གྲོས་ཨུ་ཡོན་གྱི་ཁྱིམ་གཞིས་འཛུགས་སྐྲུན་དང་དེའི་ནུས་པ་འདོན་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུར”དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཐོག་ས་གནས་དང་གྲོང་ཁྱེར་གྱི་སྲིད་གྲོས་དང་མཉམ་འགུལ་གྲོས་མོལ་ཐེངས་7བྱས་ནས། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ཡོད།

    ལོ་གཅིག་རིང་ཐོབ་པའི་ལས་ཀའི་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལས་ཐོབ་པ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་ལས་ཐོབ་པ་ཞིག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་ཐོབ་པ་ཞིག རིམ་པ་ཁག་དང་ཚན་པ་ཁག་གིས་གཞོགས་འདེགས་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ་ལས་ཐོབ་པ་ཞིག་ཡིན་པ་དང་། དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་བཅས་རེད། དེར་བརྟེན་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    དེ་དང་ཆབས་ཅིག ང་ཚོའི་ལས་དོན་ཐད་ད་དུང་ཆད་སྐྱོན་དང་ཞན་ཆ་ཡང་ཡོད་ཅིང་། གཅིག་ནས་འགན་སྒྲུབ་ཀྱི་གྲུབ་འབྲས་སྤོ་སྒྱུར་བྱ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས“འབྲེལ་གཏུག་ལྔའི”ལས་དོན་གཏིང་ཟབ་སྤེལ་དགོས་པ། གསུམ་ནས་གྲོས་མོལ་རྣམ་པའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད། གནད་དོན་དེ་དག་ང་ཚོས་སླད་ཕྱིན་ལས་ཀའི་ནང་ནན་ཏན་གྱིས་ཞིབ་འཇུག་དང་ལེགས་བཅོས་བྱ་རྒྱུ་ཡིན།

    གཉིས་པ། 2026ལོར“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་རྒྱུར་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་དགོས།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་ཁྲོད་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    (གཅིག) ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་གསལ་པོ་དང་གཏིང་ཟབ་ཆུད་པ་བྱས་ནས། སྲིད་གྲོས་ཀྱིས་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དོན་འཁྱོལ་བྱས་ཏེ། གལ་ཆེའི་དོན་གནད་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་རྣམས་སྲིད་གྲོས་སུ་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ། “གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱ་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྟར་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས། དམངས་གཙོའི་གོ་རིམ་དང་ཕྱོད་ཆེའི་ལས་དོན་ལ་བརྟེན་ནས་ཏང་གི་བཞེད་དགོངས་དེ་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་ལྟ་བ་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱ་རྒྱུ་ཡིན།

    (གཉིས) གྲོས་མོལ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཙོ་གནད་གྲོས་མོལ་གྱི་ཇུས་གཞི་འདིང་བའི་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། གྲོས་མོལ་གྱི་འཆར་གཞིའི་ལག་བསྟར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོས་མོལ་གྱི་བྱེད་སྒོ་སྣ་ཚོགས་ལ་ལམ་ལུགས་ཀྱི་གཞི་འཛིན་ས་ཡོད་ལ། སྒྲིག་སྲོལ་གྱི་གཞི་འཛིན་ས་ཡང་ཡོད་པའི་འགན་ལེན་བྱ་རྒྱུ། གྲོས་མོལ་མཉམ་འགུལ་གཏིང་ཟབ་བྱེད་པ་དང་། བསམ་འཆར་གང་ལེགས་འདོན་པ། ཡོངས་ཁྱབ་ངང་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་བྱེད་པ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག གྲོས་མོལ་ཚོགས་འདུའི་མཉམ་འགུལ་ལྷུ་ཚིགས་དང་གོ་རིམ་ཇུས་འགོད་ལེགས་སུ་བཏང་ནས་གྲོས་མོལ་ལ་བརྟེན་ནས་ཐབས་ཤེས་འདོན་པ་དང་། ལྟ་བ་གཅིག་མཐུན་ཡོང་བ། བརྩེ་བ་མངོན་པ། མཐུན་སྒྲིལ་ཡོང་བ་བཅས་བྱ་རྒྱུ། ཡུལ་བབ་དམངས་འདུན་མཚོན་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མི་དམངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས། མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་ནང“དམངས་ལ་ཞབས་ཞུ་སྒྲུབ་པའི”ལས་དོན་དངོས་སྤེལ་རྒྱུ། གྲོས་མོལ་གྱི་གྲུབ་འབྲས་དང་ལེན་དང་། དོན་འཁྱོལ། ལན་སྤྲོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོས་མོལ་གྱི་གྲུབ་འབྲས་སྤོ་སྒྱུར་དང་གོང་ཞུ་བྱེད་ལམ་ཚད་ལྡན་དང་རྒྱ་སྐྱེད་དུ་གཏོང་བ། ཚོགས་འདུའི་སྙན་ཞུ་དང་བརྟག་ཞིབ་སྙན་ཞུའི་ཕྱོགས་བསྡུས་གསལ་ཞུ་དང་ཚོགས་ཆེན་གྱི་གཏམ་བཤད་གཅིག་སྡུད་གསལ་ཞུ་འཐུས་ཚང་དུ་གཏོང་བར་བརྟེན་ནས། གྲོས་གཞི་དང་ཡུལ་བབ་དམངས་འདུན་ཆ་འཕྲིན་གྱི་རྒྱུན་གཏན་གསལ་ཞུ་རིམ་མང་འཕོ་འགྱུར་དང་རྒྱུན་གཏན་རང་བཞིན་གྱི་འབུལ་སྐྱེལ་བྱེད་པའི་ལས་ཀའི་མ་ལག་ཅིག་ཆགས་པ་བྱ་རྒྱུ། མཐུན་སྦྱོར་གཅིག་གྱུར་དང་། ཚད་ལྡན་ཚགས་ཚུད། ཚན་རིག་དང་མཐུན་ཞིང་ལས་ཕྱོད་ཆེ་བ་བཅས་ཀྱི་ལམ་ལུགས་ལམ་སྲོལ་ལ་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འཁོར་སྐྱོད་ནུས་ལྡན་ཡོང་བར་འགན་ལེན་བྱ་རྒྱུ་བཅས་ཡིན།

    (གསུམ) གྲོས་མོལ་སྲིད་གླེང་གཏིང་ཟབ་བྱ་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་གང་དུ་སྤེལ་ན་ཆེད་དོན་གྲོས་མོལ་སྒྲིག་གཞིའི་བློ་གྲོས་དང་སྟོབས་ཤུགས་དེ་གར་གཅིག་སྡུད་བྱ་རྒྱུ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་གཏོང་རྒྱུར་ཚད་བརྒལ་གསར་པ་བྱུང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་གལ་ཆེའི་གྲུབ་འབྲས་ཐོབ་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ་སོགས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལ་གཙོ་བོར་དམིགས་ཏེ། གྲོས་མོལ་དང་གྲོས་བསྡུར་གཏིང་ཟབ་བྱས་ནས། ཆེད་ལས་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་ཐབས་ཇུས་དང་གྲོས་འགོ་འདོན་རྒྱུ། “དོན་ཆེན་བཞི”ལ་དམིགས་ཏེ“འཛུགས་གཏོད་བཞི”ལ་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས། ཁྱབ་ཁོངས་ལས་བརྒལ་བ་དང་རིག་ཚན་ལས་བརྒལ་བའི་ཆེད་དོན་ཞིབ་འཇུག་བྱས་ཏེ། ཐབས་ཇུས་ཀྱི་རང་བཞིན་དང་། སྤྱི་ཁོག་གི་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལྡན་པའི་སྤུས་ཚད་མཐོ་བའི་ཞིབ་འཇུག་སྙན་ཞུ་བསྒྲུབ་རྒྱུ། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་གླེང་ཆེའི་གནད་དོན་དང་། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུའི་ཐད་ཀྱི་དཀའ་གནད་ཀྱི་གནད་དོན། མང་ཚོགས་ཀྱིས་དོ་ཁུར་བྱེད་སའི་གནད་དོན་བཅས་ལ་དམ་པོར་དམིགས་ནས་དམངས་གཙོའི་ལྟ་སྐུལ་དང་། ཚོགས་འདུའི་ལྟ་སྐུལ། ལྟ་ཞིབ་ཀྱི་ལྟ་སྐུལ། གྲོས་གཞིའི་ལྟ་སྐུལ། བརྟག་ཞིབ་ཀྱི་ལྟ་སྐུལ། ཆེད་དོན་ལྟ་སྐུལ་སོགས་ལྟ་སྐུལ་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། སྲིད་གྲོས་ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་བྱས་ནས། “བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ནན་ཏན་སྤེལ་ཏེ། དམངས་ཚུལ་ཤེས་རྟོགས་དང་། དམངས་ངལ་སེལ་བ། དམངས་སེམས་དྲོ་བ་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབས་ཐོག རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་རེ་བ་འདོན་པའི་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ་དང་། ཏང་ཨུད་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དང་དམངས་ཕན་བྱ་ཐབས་བརྒྱུད་བསྒྲགས་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འདུན་དང་རེ་འབོད་གོང་ཞུ་ཐུབ་པ་བྱས་ནས། ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་མཁན་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་སྤེལ་གཏོང་མཁན་བཅས་ཡག་པོ་བྱ་རྒྱུ།

    (བཞི) མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱ་རྒྱུ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོད་པ། སེམས་མཐུན་གཏོད་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “གངས་ལྗོངས་སེམས་མཐུན”གྱི་འགན་སྒྲུབ་གྲགས་རྟགས་རྒྱུན་མཐུད་གཏོད་རྒྱུ་དང“འབྲེལ་གཏུག་ལྔའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། “གཏམ་རྒྱུད་ཤོད་པ”དང“གྲོགས་པོ་སྒྲིག་པའི”བྱེད་སྒོ་ཏན་ཏིག་སྤེལ་རྒྱུ། “ལོ་རྒྱུས་ལྔ”དང་བོད་ལྗོངས་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་བཅས“མོས་སེམས་ལྔ”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ། ཕྱོགས་ཡོངས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་གཞིར་བཟུང་། “འདུ་ཤེས་གསུམ”གྱི་སློབ་གསོའི་ཁྲོད་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་སྲོལ་སྒྲིག་སྲོལ་དང་། ཆོས་ལུགས་ཀྱི་ཆོ་ག ལོ་རྒྱུས་ཀྱི་ངེས་སྲོལ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ། མཐུན་སྒྲིལ་མཛའ་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་དབྱར་དུས་མཐུན་འབྲེལ་ལྷན་འཛོམས་དང་། སློབ་སྦྱོང་རྟོག་ཞིབ་དང་། གསོ་སྦྱོང་སྤེལ་རེས། སྲིད་གྲོས་ཀྱི་གླེང་སྟེགས། ཨུ་ཡོན་གྱི་ཁྱིམ་ཚང་སོགས་ཀྱི་བྱེད་སྒོ་སྤེལ་ཐོག མི་སེམས་སྔར་བས་གཅིག་སྒྲིལ་དང་ངོས་འཛིན་སྔར་བས་གཅིག་མཐུན་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན།

    (ལྔ) འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། བླང་བྱ་ནན་པོ་དང་། སློབ་གསོ་ནན་པོ། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ལག་བསྟར་གཏིང་ཟབ་བྱས་ཏེ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། ཁོར་ཡུག་ནན་པོའི་རྣམ་པ་དེ་སྲིད་གྲོས་སུ་བརྟན་འཛུགས་ཐུབ་པ་དང་ཡུན་རིང་མཐའ་འཁྱོངས་ཐུབ་པ་བྱ་རྒྱུ། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་དོན་གླེང་མཁས་པ། སྒྲིག་ཁྲིམས་སྲུང་ཐུབ་པ། སྒྲིག་ལམ་ལ་སྣང་ཆེན་བྱེད་པ། སྤྱོད་ལམ་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་བླང་བྱ་ལྟར། ཨུ་ཡོན་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཨུ་ཡོན་གྱི་རྒྱུན་གཏན་འབྲེལ་གཏུག་དང་། འགན་སྒྲུབ་ཞབས་ཞུ། དོ་དམ་ལྟ་སྐུལ། དཔྱད་ཞིབ་གདེང་འཇོག་བཅས་བྱེད་ཐབས་ལེགས་སུ་བཏང་ནས། ཨུ་ཡོན་གྱི་ཆབ་སྲིད་ཀུན་སྤྱོད་སྦྱོང་བརྡར་དང་། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེར་གཏོང་། ཨུ་ཡོན་གྱི་འགན་སྒྲུབ་ཆུ་ཚད་མཐོར་གཏོང་བཅས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་། ཇུས་ཐག་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ས་དང་པོ་བཅས་ཀྱི་ལག་ལེན་དངོས་ནང་རང་རྟོགས་ངང་ཞུགས་རྒྱུ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་བླང་བྱ་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། བྱང་ཚད་མཐོ་བ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། “ཆེད་དོན་ཨུ་ཡོན་ལྷན་ཁང་གཅིག་ལ་གྲགས་རྟགས་གཅིག”གཏོད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གྲོས་ཀྱི་འགན་སྒྲུབ་ལ་ནུས་སྐྱེད། “ཆེད་ལས”ཀྱི་ཆུ་ཚད་མཐོ་རུ་གཏོང་བ། “ཆེད་ལས”ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་བྱ་རྒྱུ། སྐོར་གཟིགས་བཅོས་སྒྲིག་གི་མཇུག་འཕྲོའི་ལས་དོན་ཡག་པོ་བསྒྲུབས་ནས། ཆབ་སྲིད་ལས་ཁུངས་དང་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

    ཨུ་ཡོན་རྣམ་པ། བརྗིད་ཆེའི་འཆར་འགོད་ཀྱིས་མདུན་སྐྱོད་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ཞིང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ཀྱིས་འབྱུང་འགྱུར་ཡག་པོ་གཏོད་རྒྱུ་ཡིན། འཁྲི་འགན་གྱི་འབོད་སྐུལ་ནི་ལྷང་ལྷང་དུ་གྲགས། འགན་འཁྲི་ཡི་ཁུར་ཆེན་ནི་ཕྲག་སྟེང་དུ་བབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག ནུས་ཤུགས་གཅིག་སྒྲིལ་དང་། འབད་འབུངས་མདུན་སྐྱོད། སེམས་ནུས་གཅིག་སྒྲིལ་བཅས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ལས་འགོ་གསར་པ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ལྷག་པ་འབུལ་རྒྱུ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།