དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-07

    ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གཙོ་གནད་ལས་འགན་དབྱེ་འབྱེད་ཞིབ་ཕྲ་གནང་བ་མ་ཟད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་། ད་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བཏོན་པ་དེ་ནི་ལས་ཀར་སྐུལ་འདེད་གཏོང་བའི་ལས་འགན་གྱི་གསལ་ཐོ་དང་བཀོད་སྒྲིག་རེའུ་མིག་ཅིག་རེད་ལ། སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཞག་པའི་རྔམ་བརྗིད་ལྡན་པའི་ཁས་ལེན་ཞིག་ཀྱང་ཡིན་པས། ཚུགས་གནས་མཐོ་རུ་གཏོང་བ་དང་། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བྱེད་པ། ལྟ་སྐུལ་ནན་པོ་དང་དཔྱད་ཞིབ་ཏན་ཏིག་ཐད་ཤུགས་རྒྱག་པ། ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ལག་བསྟར་བྱེད་སྐབས་ཕྱོགས་ལྷུང་མེད་པ་དང་བཟོ་ལྟ་ཙམ་མིན་པའི་འགན་ལེན་གྱིས་རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས།རྣམ་གྲངས་ལ་དམ་འཛིན་བྱས་ནས་མ་འཇོག་ལ་སྐུལ་འདེད་གཏོང་བ་དེ་2026ལོའི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ། རིམ་པ་བཞིན་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕར་ཚད་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ། མ་འཇོག་བསྡོམས་འབོར་དང་། ལས་འབོར། དངོས་འབོར་བཅས་དེ་བས་མང་བ་ཧུར་ཐག་ཆགས་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཚང་མར་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དེས་སྐྱེ་ཁམས་དང་འབབ་འཕར“མཉམ་འཕེལ”དང་། སྔོ་ལྗང་ནུས་སྐྱེད་དང་འཕེལ་རྒྱས“གཉིས་ཕན”གྱི་རེ་འདོད་བཟང་པོ་བཅོལ་ཡོད། ལག་བསྟར་ནན་པོ་བྱས་ཏེ་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་འགན་ལེན་བྱེད་དགོས། ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་སྤྱོད་གོ་ཆོད་པའི་བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་དེ་ཚན་རིག་ཅན་དང་ཕུགས་ཕན་གྱི་ལམ་ལུགས་དང་ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་རིམ་སྤོར་བྱེད་དགོས། ཉེན་ཁ་འགོག་ཟོན་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་ནས། མེ་ཟོན་མེ་གསོད་དང་། ནད་འབུ་སྔོན་འགོག ཕྱི་ནས་ཡོང་བའི་སྲོག་ཆགས་སྐྱེ་དངོས་སོགས་ཀྱི་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་གཏིང་ཟབ་ངང་ཡག་པོ་བསྒྲུབས་ཏེ། རྒྱུན་སྲིང་ལྷོད་མེད་དང་ཤུགས་སྣོན་ཆད་མེད་ངང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་རེད། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་ནང་དོན་རྣམ་པའི་འཕེལ་རྒྱས་ཀྱི་གཙོ་གནད་འབུར་དུ་ཐོན་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སུ་གཏོང་བ། རིག་གནས་རྒྱུན་མཐུད་བྱེད་པ། བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།