དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2026ལོའི་ཚོགས་འདུ(རྒྱ་ཆེ)ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-07

    ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2026ལོའི་ཚོགས་འདུ(རྒྱ་ཆེ)ཐེངས་གཉིས་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་ཐབས་དང་ཐབས་ལམ་གསལ་སྟོན་དང་རང་འགན་གཙང་སྒྲུབ་ཀྱི་ལག་ལེན་གྱི་ཚད་གཞི་བཟོས་གནང་ཡོད། “ཕྱོགས་ཡོངས་དང་། གཏིང་ཟབ། གནད་འཁེལ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སྣེ་ཁྲིད་དེ་ལག་ལེན་བསྟར་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་འཐུས་མིར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁྲིམས་ལྟར་འགན་སྒྲུབ་དང་། འགན་འཁྲི་འཁུར་བ། སེམས་ནུས་གཅིག་སྒྲིལ། དམ་འཛིན་དངོས་སྒྲུབ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། “ཕྱོགས་ཡོངས”ཐད་ཤུགས་བརྒྱབ་སྟེ་འཐབ་ཇུས་བཀོད་སྒྲིག་གི་སྤྱི་ཡོངས་ཁོང་དུ་ཆུད་པར་བྱེད་དགོས་ལ་ལས་འགན་ཁག་གི་ནང་གནས་ཀྱི་འབྲེལ་བའང་ཁོང་དུ་ཆུད་པར་བྱས་ནས་དེའི་གནས་ཚུལ་ཡོངས་རྫོགས་ཤེས་པ་དང་དེའི་དོན་སྙིང་གསལ་པོ་རྟོགས་ཐུབ་པར་བྱེད་དགོས། “གཏིང་ཟབ”ཐད་དངོས་ཡོད་རྟོགས་ཐུབ་པར་བྱས་ཏེ། སྣེ་ཁྲིད་དེ་ཇི་མ་ཇི་བཞིན་སྦྱོང་བ་དང་། གནད་དོན་ལ་དམིགས་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ནས་སྦྱངས་སྤྱོད་ཟུང་འབྲེལ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “གནད་ལ་འཁེལ་བའི”ཐད་ཕན་འབྲས་དངོས་དོན་གཉེར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་དོན་དངོས་ཟུང་འབྲེལ་བྱེད་པ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2026ལོའི་ལས་ཀའི་གཙོ་གནད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2026ལོའི་ལས་ཀའི་གཙོ་གནད་དང་དེ་བཞིན་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་ཀའི་འཆར་གཞི་བཅས་ལ་ཞིབ་འཇུག་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ལས་ཀའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དམིགས་ཚད་ཁ་གསལ་དང་དོན་འཁྱོལ་ལ་སྣང་ཆེན་བྱེད་དགོས་ཤིང་། ཁྲིམས་འཛུགས་ཀྱི་གནད་འཁེལ་དང་། ལྟ་སྐུལ་གྱི་དོན་དངོས། འཐུས་མིའི་འཇོན་ཐང་། རང་ངོས་ཀྱི་འཇོན་ཐང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། “གཞུང་འཁྱོངས”དང“གསར་གཏོད”འབྲེལ་མཐུད་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ལྷག་བསམ་རྣམ་དག་བརྟན་དུ་གཏོང་བ། ཁྲིམས་གཏན་འཁེལ་བའི་དབང་ཚད་གཞིར་བཟུང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྩི་སྲུང་ཞུ་བ། འགན་འཁྲི་སྒྲུབ་སྟངས་དང་གྲུབ་འབྲས་མངོན་པ་སོགས་ཐད་ཐབས་ལམ་གསར་པ་དང་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་སྤེལ་སྟངས་དང་འཐུས་མིའི་འགན་སྒྲུབ་གཞི་རྟེན་གསར་གཏོད་བྱེད་དགོས། “སྤུས་ཚད”དང“ལས་ཕྱོད”གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ལས་འགན་གྱི་གསལ་ཐོར་བསྡུར་བ་དང་། རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱེད་པ། ལས་རིམ་གསལ་འགོད་བྱེད་པ། གཏན་འཁེལ་བྱས་ཚེ་དེ་འཕྲལ་སྒྲུབ་པ་དང་སྒྲུབ་པ་དེ་ལེགས་གྲུབ་ཡོང་བ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས། “མིག་སྔ”དང“ཡུན་རིང”གཉིས་ཀར་ལྟ་རྟོག་བྱེད་པ་མཐའ་འཁྱོངས་ཏེ། མིག་སྔར་གཞི་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་དང་། ལས་འགན་ཁག་ལས་གནས་ཐོག་ཁག་བགོས་དང་མིའི་ཐོག་དོན་འཁྱོལ་བྱས་ནས་ཁྲིམས་འཛུགས་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཕུགས་ལ་དམིགས་ནས་བཀོད་སྒྲིག་བྱེད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་དམ་པོར་དམིགས་ཏེ་བོད་ཀྱི་དབྱེ་འབྱེད་ཚད་གཞི་ཡོད་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་གཟུགས་ལྡན་གཞི་རྟེན་དང་དམ་འཛིན་བྱ་གཞི་ནུས་ལྡན་ཁག་གཅིག་གྲབས་གསོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།