ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནན་བཤད་གནང་དོན།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།

ཟླ་2ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

ཟླ་2ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་2ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་ཀརྨ་ཚེ་བརྟན་དང་ལིའུ་ཅང་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བར་ཏང་གིས་འགོ་ཁྲིད་དེ་བས་ནུས་ལྡན་བྱས་པས། ཁྲིམས་སྐྱོང་ཞབས་ཞུ་འགན་ལེན་གྱི་སྤྱི་ཡོངས་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་དེ་བཞིན་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་འཆར་ཅན་བཞིན་སྤེལ་ཐུབ་པ་དང་། དུས་རྒྱུན་དུ་སྤེལ་ཐུབ་པ། གཞི་རིམ་དུ་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་ས་གནས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་དང་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་ལག་བསྟར་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་སྟངས་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་དགོས་ཤིང་། ས་མཐོའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་སོགས་ལ་གཞིགས་ནས།གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་། འཛུགས་བཅོས་འདོར་གསུམ་གྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ། “ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི”འདུ་ཤེས་ཟབ་ཏུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་སྔར་བས་ཚད་ལྡན་དུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གཏོད་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་ཐུབ་པར་རམ་འདེགས་བྱེད་པ། ཁྲིམས་སྐྱོང་ཁྱབ་ཁོངས་ནང་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བཅས་བྱས་ཏེ་བཅའ་ཁྲིམས་ཡག་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ་བཅོས་སྐྱོང་བྱེད་མཁས་པོ་ཡོང་བའི་འགན་ལེན་ཡང་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་དགོས་ཤིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་ནང་འཇུག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་ལྟར་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་ལག་ལེན་བསྟར་ནས་བོད་ཀྱི་སྲོག་ཆགས་སྐྱེ་དངོས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་དགོས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག་ལག་བསྟར་གཏིང་ཟབ་བྱས་ཏེ། མཐའ་མཚམས་ས་ཁུལ་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ལས་བྱེད་པ་དང་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཐུབ་པར་ཁྲིད་སྟོན་བྱེད་དགོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་དགོས་ཤིང་། ཁྲིམས་ལྟར་རྒྱལ་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་དང་སྦྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྒྲིག་བསྟར་དང་ཁྲིམས་སྒྱུར་སྦྲེལ་མཐུད་བྱས་ནས་ལྟ་སྐུལ་སྒྲིག་བསྟར་དང་ལྟ་ཞིབ་ཁྲིམས་སྒྱུར་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ནས་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས་དུས་ཐོག་ཏུ་སྲ་བརྟན་གཏོང་བ། སྤྱོད་གོ་ཆོད་པའི་བྱེད་སྟངས་ཡག་པོ་དང་ཉམས་མྱོང་ཡག་པོ་དག་སྒྲིག་སྲོལ་ལམ་ལུགས་སུ་རིམ་སྤོར་བྱས་ནས་དོན་དངོས་ཀྱི་ཁྲིམས་སྐྱོང་དགོས་མཁོར་ལན་ཧུར་ཐག་རྒྱག་པ་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱ་དང་རྩ་བའི་དམིགས་ཡུལ་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་བསྒྲུབ་རྒྱུ་དང་བཅའ་ཁྲིམས་ཀྱིས་དབང་བསྐུར་མེད་ན་བསྒྲུབ་མི་རུང་བ་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་ཆེས་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་གཞི་འཛིན་ས་དང་དོན་ལ་བབས་སར་བརྩི་བ། ཁྲིམས་ལྟར་སྲིད་འཛིན་དང་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་གཉིས་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཁྲིམས་མཐུན་སྲིད་འཛིན་དང་། ལུགས་མཐུན་སྲིད་འཛིན། གོ་རིམ་ལུགས་མཐུན། ལས་ཆོད་ཆེ་བ། དམངས་ལ་སྟབས་བདེ། གཞུང་དྲང་ཡིད་རྟོན། དབང་འགན་གཅིག་གྱུར་བཅས་དངོས་འབྲེལ་ཡོང་བར་བྱེད་དགོས། ཁྲིམས་སྒྱུར་ལ་འགན་སྲུང་ཡོད་པ་དང་། དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ། དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་པ། ཁྲིམས་འགལ་ལ་བདའ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་དོན་ཞབས་ཞུའི་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་ལྟར་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྒྱུར་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛིན་དྲང་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། ནུས་ཤུགས་ཡོད་རྒུས་ཁྲིམས་འཛིན་དབང་ཆ་སྤྱོད་རྒྱུ་ཚད་ལྡན་དུ་གཏོང་བ་དང་། གཏུག་བཤེར་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་ཡོངས་བསྒྲགས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡིག་འབུལ་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་བརྩི་འཇོག་བྱེད་པ་དང་། སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། གན་རྒྱར་བརྩི་འཇོག་བྱེད་པ། དྲང་གཞག་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་གཏོད་དགོས།
ཝང་ཅུན་ཀྲེང་གིས། ཁྲིམས་སྐྱོང་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་འགན་ལེན་བརྟན་པོ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་དང་དེའི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། མང་ཚོགས་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རང་རྟོགས་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བློ་རྩ་བརྟན་པོས་དད་པ་བྱེད་མཁན་དང་། ཁྱབ་སྤེལ་ཧུར་ཐག་གཏོང་མཁན། ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་མཁན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།