རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་འཚོགས་པ།
ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།
ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2026ལོའི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།
ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ནང་དོན་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ལ་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཐོག བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པ་དང་། སློབ་སྦྱོང་གི་ཕན་འབྲས་དེ་ཆེད་དོན་གྲོས་མོལ་སྒྲིག་གཞིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རང་འགན་གཙང་སྒྲུབ་བྱེད་པའི་ནུས་པ་དང་འཇོན་ཐང་ལ་འགྱུར་བ་བྱས་ཏེ“གཅིག་སྒྲིལ་བཞིའི”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས། རྒྱལ་ཁའི་ངང་གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་མ་ཟད། ཨུ་ཡོན་ཚོར་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལའང་ཞུགས་པ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཨུ་ཡོན་ཚོར་ཐུགས་ཁུར་གནང་ལུགས་མཚོན་ནས་ང་ཚོར་ལྕག་སྐུལ་ཆེན་པོ་དང་སེམས་ཤུགས་ཆེན་པོ་བསྐྱེད་བྱུང་བས། རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དེ་མི་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ཀྱི་སྲིད་གྲོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཏོན་གནང་བའི་བླང་བྱ་གསར་པ་དང་ལས་འགན་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། འདི་ལོའི་ལས་དོན་དང་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། སྲིད་གྲོས་ལས་དོན་གྱི་འགན་སྒྲུབ་གཙོ་གནད་ཁ་གསལ་བཟོ་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་དང་ཏན་ཏིག་ཏུ་གཏོང་བ་བཅས་བྱས་ཏེ་སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གིས། སྲིད་གྲོས་ཏང་ཙུའུ་ཡི་ཚན་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཐད་མིག་དཔེ་བཏོན་ཏེ་ཆབ་སྲིད་ཐད་བློ་དཀར་སེམས་དཀར་དང་། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱེད་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་གཏིང་ཟབ་སྤྲོས་པའི་ཐད་མིག་དཔེ་འདོན་པ་དང་། རྒྱུན་དུ་སློབ་སྦྱོང་བྱེད་པ་དང་། གཞན་སྒྱུར་ཐུབ་པ། འགྲེལ་བཤད་རྒྱག་ཤེས་པ་བཅས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རིགས་ཁོངས་ཀྱི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་དགོས། ལྟེ་བར་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་པའི་ཐད་མིག་དཔེ་བསྟན་ནས་ལས་དོན་ཇུས་འགོད་མཁས་པ་དང་། ལས་དོན་སྒྲུབ་ཐུབ་པ། ལས་དོན་སྒྲུབ་ཕོད་པ་བཅས་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐད་མིག་དཔེ་འདོན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་འགན་སྒྲུབ་པ། མཐུན་སྒྲིལ་དང་མཐུན་འབྲེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། སྒྲིག་བཀུར་ཁྲིམས་སྲུང་ནན་པོ་བྱེད་པའི་ཐད་མིག་དཔེ་བཏོན་ནས། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། སྣེ་ཁྲིད་དེ་མཐུན་སྒྲིལ་མཉམ་ལས། སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་། འཐབ་ནུས། ལྟེ་བར་ཕྱོགས་ཤུགས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།