དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-06

    ཚེས་4ཉིན། ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ནས་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། 2025ལོའི་ལས་དོན་ཕྱོགས་སྡོམ་དང་2026ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་འཁོད་དོན། 2025ལོར་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་པ། རྩ་འཛུགས་མ་ལག་གི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི” འགོ་ཚུགས་ལོ་ཡང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ། འགན་འཁུར། རང་གཅུན་བཅས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བཅས་བྱས་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་འགན་འཁྲིའི་ནུས་པ་འདོན་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་དམིགས་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྩ་དོན་མཐའ་འཁྱོངས་དང་བྱ་དགའ་ཆད་གཅོད་གསལ་པོ་བཟོ་བ། ཕྱོགས་བཞི་མཚམས་བརྒྱད་དང་དྲང་པོ་དྲང་གཞག་གིས་མི་འདེམས་མི་སྤྱོད་བྱེད་པ། རིམ་ཁག་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་བྱེད་པ། རིམ་ཁག་འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་པ། མི་སྤྱོད་སྟོན་ཕྱོགས་ཁ་གསལ་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་སྟོན་ཕྱོགས་ལ་ཁྲིད་སྟོན་བྱེད་པ། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སྔར་བས་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཇོག་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་འཛུགས་པ་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་གཏིང་ཟབ་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། “གསོ་སྐྱོང་དང་། གདན་ཞུ། སྤྱོད་པ། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཡག་པོ་སྤྱད་དེ་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་འབུར་ཐོན་གྱི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་སྲིད་ལས་ཁུངས་ཀྱི་སྒྱུར་བཅོས་གྲུབ་འབྲས་བརྟན་དུ་གཏོང་བ་དང་། བྱ་གཞག་ཚན་པའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མུ་མཐུད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྩ་འཛུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།